ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-01-03 16:01:38

ཏང་གིས་དཔལ་འབྱོར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་ཞིག་དང་དེ་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་རེད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཟུང་འབྲེལ་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད།  ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་གོ་བ་ནན་ཏན་ལེན་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་།  གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་།  འཕེལ་རྒྱས་གཏོང་རྒྱུ་དེ་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས།  དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གོམ་སྟབས་གཅིག་མཚུངས་ངང་ལས་དོན་ཡག་པོ་སྒྲུབ་དགོས།

2019ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།

ཏང་སྲིད་དམག་དམངས་སློབ་དང་ཤར་ལྷོ་ནུབ་བྱང་དབུས་བཅས་ཚང་མར་ཏང་གིས་འགོ་ཁྲིད་བྱེད་ཀྱི་ཡོད་པས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་ནི་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆའི་རྩ་བ་རེད།  ཀྲུང་གོའི་དཔལ་འབྱོར་ནི་གྲུ་གཟིངས་ཆེ་མོ་ཞིག་དང་འདྲ་བར་བོངས་ཚད་ཇི་ཙམ་ཆེ་ན་དེ་ཙམ་གྱིས་རྦ་རླབས་ཆེ་བ་འཕྱུར་བས་གྲུ་གཟིངས་ཀྱི་ཁ་ལོ་སྒྱུར་གལ་དེ་བས་ཆེ་བ་ཡོད།  དུས་བབ་རྙོག་འཛིང་ཇི་ཙམ་ཆེ་བ་དང་འགྲན་སློང་ཇི་ཙམ་གྱིས་ཛ་དྲག་ཆེ་ན་དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་ཀ་བ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས།

2019ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས།  2019ལོར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་བ་དང་།  གཏན་འཁེལ་མེད་པའི་རང་བཞིན་དེ་བས་ཆེ་བ།  རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་བྱ་རྒྱུ་བརྟན་ཐོག་འགྱུར་བ་ཡོད་པ་དང་།  འགྱུར་བའི་ཁྲོད་དཀའ་ངལ་འཕྲད་རྒྱུ་བཅས་ཡིན་པས་ཉེན་ཁ་དང་དཀའ་ངལ་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་ཡིན་པ་མཐོང་ཐུབ་པ་དགོས།  དུས་བབ་ཇི་ཙམ་གྱིས་ཛ་དྲག་པའི་འོག་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་དང་ཆུ་ཚད་དེ་ཙམ་གྱིས་མཐོ་རུ་བཏང་ནས་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་དེས་རྦ་རླབས་དྲག་པོ་གཤགས་ཏེ་བརྟན་པོའི་ངང་རྒྱང་རིང་དུ་འཁྱོལ་བའི་འགན་ལེན་བྱེད་དགོས།  ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་མཐའ་དག་འགན་གཙང་ལེན་པ་ཞིག་མིན་པར་དོན་ཆེན་ལ་དོ་དམ་དང་དོན་ཆེན་ལ་གྲོས་བསྡུར་བྱས་ཏེ་ཁ་ཕྱོགས་སྟངས་འཛིན་དང་།  སྤྱི་ཡོངས་ལ་དོ་དམ།  དོན་འཁྱོལ་འགན་ལེན་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དེ་ཡིན་པ་ངེས་པར་དུ་ངོས་འཛིན་ཐུབ་པ་དགོས།  ང་ཚོས་དུས་བབ་དབྱེ་ཞིབ་བྱེད་པའི་གཞི་རྩའི་བྱེད་ཐབས་ཁོང་དུ་ཆུད་པ་བྱས་ཏེ་ཡུན་རིང་གི་དུས་ཀྱི་འཕེལ་ཕྱོགས་ལ་བརྟེན་ནས་དེང་སྐབས་ཀྱི་དུས་བབ་ལ་ངོས་འཛིན་བྱས་ཏེ་འཐབ་ཇུས་ཀྱི་ཚུགས་ནུས་རྒྱུན་འཁྱོངས་དང་རྒྱལ་ཐུབ་ངེས་ཀྱི་ཡིད་ཆེས་བརྟན་པོ་ཡོད་དགོས་པ་དང་།  སྤྱི་ཁོག་སྟངས་འཛིན་སྙོམས་སྒྲིག་གི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཁོག་སྟངས་འཛིན་སྙོམས་སྒྲིག་བྱེད་ཚད་གནད་སྨིན་ངང་ཁོང་དུ་ཆུད་པ་དང་རང་འགུལ་ངང་སྔོན་ནས་སྙོམས་སྒྲིག་དང་སྙོམས་སྒྲིག་ཕྲན་བུ་བྱེད་དགོས་པ་དང་སྲིད་ཇུས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  སྤྱི་ཚོགས་ཀྱི་སེམས་ཁམས་འགྱུར་སྲིད་པའི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་དེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་པ་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁྲོམ་རའི་སྔོན་དཔག་ལ་རང་འགུལ་ངང་ཁྲིད་སྟོན་བྱེད་དགོས་པ།  ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་འགག་སྒྲོལ་དཀའ་སེལ་གྱི་ཧུར་བརྩོན་རང་བཞིན་དང་།  རང་འགུལ་རང་བཞིན།  གསར་གཏོད་རང་བཞིན་བཅས་འཕེལ་བར་སྣང་ཆེན་བྱས་ཐོག་སྤྱི་ཡོངས་ཀྱི་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པ་བྱེད་དགོས།

2019ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར།  ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།  དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ན་ཏང་ཀྲུང་དབྱང་ལ་དེ་ཙམ་གྱིས་གང་གསུང་དེ་སྒྲུབ་ཞུ་དགོས།  ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་།  “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་གང་གསུང་དེ་སྒྲུབ་བྱེད་པ་ལས་རྟ་མགོ་རང་གྱེར་བྱེད་མི་རུང་།  ལས་བྱེད་པས་འགན་འཁྲི་ཁུར་བ་དང་བྱས་རྗེས་འཇོག་རྒྱུར་བསྔགས་སྐུལ་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་།  ཆབ་སྲིད་ཀྱི་འབོད་ཚིག་སྟོང་བཤད་བྱེད་པའི་ཕྱི་ཚུལ་རིང་ལུགས་དང་སྟབས་བདེ་དང་དྲག་རྩུབ་ཀྱི་བཀའ་འབེབས་རིང་ལུགས་བཀག་འགོག་བྱེད་དགོས་པ་དང་དུས་མཚུངས་སྒྱིད་ལུག་དང་རྗེས་མི་ཟིན་པའི་སྣང་ཚུལ་ཁྱད་བསད་བྱེད་དགོས།  རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཧ་ཅང་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་བར་མེད་ངང་ཐོན་བཞིན་ཡོད་པས་དཔལ་འབྱོར་ལས་དོན་སྤེལ་ནུས་དང་ཆུ་ཚད་ཆེ་རུ་གཏོང་བའི་ཐབས་ལམ་གཙོ་བོ་ནི་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད།  དཀའ་ངལ་ཇི་ཙམ་འཕྲད་ཚེ་དེ་ཙམ་གྱིས་སློབ་སྦྱོང་དང་ལག་ལེན་ཁྲོད་ནས་བསམ་ཕྱོགས་འཚོལ་བ་དང་བྱེད་ཐབས་ལ་བསམ་གཞིག་བྱས་ཏེ་འབད་བརྩོན་ཆེན་པོས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཅན་དུ་འགྱུར་ཐབས་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།