མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་ཞ

| 2018-12-28 11:55:15

འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོ་དམ་འཛིན་བྱེད་པའི་གཙོ་གནད་ནི་སྒྱུར་བཅོས་ཀྱི་འགག་གནད་གནད་དུ་འཕིགས་པའི་ངང་འཚོལ་ཞིབ་བྱས་ཚེ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་ཐུབ།  དེ་ནི་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་གལ་ཆེན་ཞིག་རེད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གི་འགལ་ཟླ་གཙོ་བོ་ནི་སྔར་བཞིན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ཡིན་པས་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་རྐང་དུ་འཛིན་རྒྱུ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་བྱེད་ཐབས་དེ་བས་མང་བ་སྤྱོད་པ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་དེ་བས་མང་བ་སྤྱད་དེ“སྲ་བརྟན་དང་།  ཆེར་གཏོང་། རིམ་སྤོར།  ཤར་གཏོང”བཅས་ཀྱི་ཐད་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱས་པ་རེད།  བླང་བྱ་ཁ་གསལ་དེ་ལས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཡོད།

མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་རྐང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལྡོག་མེད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས།  དཔལ་འབྱོར་དུས་བབ་ལ་འགྱུར་ལྡོག་འགྲོ་བའི་མདུན་དུ་སྲིད་ཇུས་ཐད་གདམ་ག་གཉིས་ཡོད་པ་སྟེ།  གཅིག་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་མཐའ་འཁྱོངས་བྱེད་དགོས་པ་དང་།  གཅིག་ཤོས་ནི་དགོས་མཁོ་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད།  དེང་སྐབས་ཀྱི་དུས་བབ་འོག་སྤྱིའི་དགོས་མཁོ་བརྟན་པོ་ཡོང་བ་བྱེད་དགོས་མོད།  འོན་ཀྱང་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་གི་འགལ་ཟླ་གཙོ་བོ་ནི་སྔར་བཞིན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ཡིན་པ་དང་མཁོ་སྤྲོད་མ་ལག་དགོས་མཁོའི་གྲུབ་ཆའི་འགྱུར་ལྡོག་དང་བསྟུན་མི་ཐུབ་པས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱེད་དཀའ་བ་རེད།  དེ་ལས་ང་ཚོས་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་རྐང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ་དཀའ་ངལ་ཆེ་ཡང་སྡུག་རུས་བྱེད་དགོས་པ་དང་།  ལས་མཐའ་མ་འཁྱོལ་བར་དུ་འབད་འབུངས་ཧུར་བརྩོན་བྱེད་དགོས་པ་གཏན་ལ་འཁེལ་ཡོད།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་།  འཕེལ་རྒྱས་གཏོང་སྟངས་སྒྱུར་བ།  དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བཅས་བྱེད་པར་བློས་གཏོང་ཆེན་པོ་དགོས་པ་ལས་ལས་སླ་པོར་ལེཌ་གྲུབ་ཐུབ་ཀྱི་མེད་ཅིང་།  དེ་རིང་བློས་གཏོང་མ་བྱས་ཚེ་འབྱུང་འགྱུར་བློས་གཏོང་དེ་བས་ཆེ་བ་བྱེད་དགོས་པ་གདོན་མི་ཟ་ལ།  དེ་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་རྩོད་སྒྲུབ་རིག་པ་རེད།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་གཙོ་རྐང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཚེ་གཞི་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་འོད་ཟེར་ལྡན་པའི་མདུན་ལམ་བསུ་ཐུབ།

མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གཙོ་རྐང་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་པར“སྲ་བརྟན་དང་།  ཆེར་གཏོང་། རིམ་སྤོར།  ཤར་གཏོང”བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།  སྲ་བརྟན་ཞེས་པ་ནི“གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སེལ་བ་དང་།  འཛུགས་པ། གཅོག་པ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  ཆེར་གཏོང་ཞེས་པ་ནི་ཕྲ་མཐོང་གི་བྱེད་པོའི་གསོན་ཤུགས་ཆེ་རུ་བཏང་ནས་ཁེ་ལས་དང་ཁེ་ལས་མཁས་ཅན་གྱི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་།  རྒྱུ་རྐྱེན་ཁག་སྐོར་སྐྱོད་བྱེད་པའི་འགོག་རྐྱེན་བསལ་ནས་དྲང་ཕྱོགས་ཀྱི་སྐུལ་གཏོང་དང་བཟང་རྒྱལ་ཞན་ཕམ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  རིམ་སྤོར་ཞེས་པ་ནི་ཐོན་ལས་འཁོར་སྦྲེལ་གྱི་ཆུ་ཚད་མཐོ་རུ་བཏང་ནས་ལག་རྩལ་གསར་གཏོད་དང་གཞི་ཁྱོན་ལ་བརྟེན་ནས་འགྲན་རྩོད་ལེགས་ཆ་གསར་པ་ཆགས་རྒྱུར་སྣང་ཆེན་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི“འགག་གནད”ཐག་གཅོད་མགྱོགས་མྱུར་བྱེད་པ་དང་ཐོན་ལས་ཀྱི་འདུས་འཛོམས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས།  ཤར་གཏོང་ཞེས་པ་ནི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱས་ཏེ་རྒྱལ་ནང་གི་ཁྲོམ་ར་དང་ཐོན་སྐྱེད་ཀྱི་བྱེད་པོ་དང་།  དཔལ་འབྱོར་འཕར་བ་དང་ལས་ཞུགས་ཆེར་གཏོང་།  དངུལ་རྩ་དང་དངོས་ཚན་དཔལ་འབྱོར་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་པ་བྱེད་དགོས་པ་བཅས་རེད།  “སྲ་བརྟན་དང་། ཆེར་གཏོང་། རིམ་སྤོར།  ཤར་གཏོང”བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་མཛད་ཕྱོགས་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་བྱེད་པའི་བླང་བྱ་ཡིན་པས་ཏང་ཡོངས་སུ་ངེས་པར་དུ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།