སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་ཆབ་མདོ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:55:15

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་26ཉིན་གནས་ཚུལ་འབྱོར་གསལ།  ཚེས་26ཉིན་གྱི་སྔ་དྲོར་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།  སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་བཏོད་པ་རེད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་།  དཔལ་འབྱོར་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་སོང་ཞིང་།  ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཚེ་རིང་འཇིགས་མེད་ཀྱིས“2018ལོར་གྲོང་ཁྱེར་ཡོངས་ཀྱི་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་193.6ཟིན་རྒྱུ་ཡིན་པ་དེ་1978ལོའི་སྒོར་དུང་ཕྱུར་1.05ཡི་ལྡབ་184ཡིན་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར་29530ཟིན་རྒྱུ་ཡིན་པ་དེ་1978ལོའི་སྒོར་437གྱི་ལྡབ་67.8ཡིན་པ།  སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་57.3ཟིན་རྒྱུ་ཡིན་པ་དེ་2012ལོའི་ལྡབ་2.58ཡིན་པ་རེད”ཅེས་བཤད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་ཕྱིན་ནས་འཇུར་མིག་གི་ཚོད་འཛིན་རིམ་བཞིན་ཞི་ལྷོད་དུ་སོང་ཞིང་།  2018ལོའི་ལོ་མཇུག་བར།  གྲོང་ཁྱེར་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.76ཟིན་པ་དེ་1978ལོའི་སྤྱི་ལེ་ཁྲི་0.25ཡི་ལྡབ་7ཡིན་པ་དང་།  རྫོང(ཆུས)དུ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་100%ཟིན་ཞིང་།  ས་ཁོངས་ནང་གི་རྒྱལ་ལམ་དང་ཞིང་ཆེན་ལམ་བརྟན་པོའི་ངང་སྐྲུན་བཞིན་ཡོད་ཅིང་།  གྲོང་ཁྱེར་ཡོངས་ཀྱི་ཤང(གྲོང་རྡལ)138ལ་ལམ་ཤར་གཏོང་ཐུབ་པ་དང་།  ཤང(གྲོང་རྡལ)ལ་ལམ་ཤར་གཏོང་དང་ཤར་བགྲོད་ཐུབ་ཚད་100%དང་79.7%ཟིན་ལ།  སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།  གནམ་གྲུ་གཟའ་འཁོར་རེར་ཐེངས་གྲངས་39འཕུར་སྐྱོད་བྱེད་པ་དེ་2012ལོའི་གཟའ་འཁོར་རེར་ཐེངས་གྲངས་4ཡི་ལྡབ་9.75ཟིན་ནས་མེས་རྒྱལ་ནང་ས་དང་འབྲེལ་མཐུད་བྱེད་པའི་མཁའ་དབྱིངས་བགྲོད་ལམ་བསྐྲུན་ཡོད།  མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་66.3ཟིན་པའི་ཁྲོན་བོད་དྲ་སྦྲེལ་འདུ་འགོད་སྔོན་ལ་ལག་བསྟར་བྱས་པས་ཆབ་མདོའི་གློག་དྲ་རྐྱང་པ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།  “གཙང་གསུམ”ཆུ་ཤུགས་གློག་ཁང་གསར་སྤེལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་2018ལོར་གྲོང་ཁྱེར་ཡོངས་ཀྱི་གློག་ཤུགས་ཀྱི་སྤྱིའི་གློག་འདོན་ཚད་ཆན་ཝ་ཁྲི་41.13ཟིན་པ་དེ་2012ལོ་ལས་230.68%འཕར་བ་དང་མི་འབོར་ལ་གློག་དྲ་གཙོ་བོ་ཁྱབ་ཚད་69.3%ཟིན་ཡོད།  “ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་པོའི་ངང་ལེགས་སུ་གཏོང་བའི་འདུ་འགོད་འབོར་ཆེན་ཞིག་ལག་ལེན་བསྟར་ནས་མང་ཚོགས་ཀྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད།  ཤང(གྲོང་རྡལ)དུ་འོད་སྐུད་ཤར་གཏོང་ཐུབ་ཚད་དང་།  སྲིད་འཛིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད།  སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་ཆ་ཚང་100%ཟིན་ཡོད་ཅེས་ཚེ་རིང་འཇིགས་མེད་ཀྱིས་བཤད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་།  སྤྱི་པའི་ཞབས་ཞུ་མགྱོཌ་མྱུར་འཐུས་སྒོ་ཚང་དུ་ཕྱིན་ཏེ་སྤྱི་ཚོགས་བྱ་གཞག་ཁག་དར་རྒྱས་གོང་འཕེལ་བྱུང་ཞིང་།  2018ལོར་གྲོང་ཁྱེར་ཡོངས་ཀྱི་སློབ་ཞུགས་གོང་གི་ལོ་གསུམ་དང་། སློབ་ཆུང་།  དམའ་རིམ་སློབ་འབྲིང་།  མཐོ་རིམ་སློབ་འབྲིང་བཅས་ཀྱི་སློབ་གྲྭར་ཞུཌ་ཚད་2012ལོ་ལས་54.84%དང་30.92% 51.35%  13.25%བཅས་སོ་སོར་འཕར་ཡོད།  སྨན་བཅོས་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ནས་བོད་ལུགས་དང་།  ཀྲུང་ལུགས། ཕྱི་ལུགས་བཅས་སྨན་བཅོས་ཟུང་འབྲེལ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྐྲུན་ཟིན་པ་དང་།  གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་གསུམ”གྱི་སྨན་ཁང་དུ་བདེ་བླག་ངང་འཛུགས་སྐྲུན་ཐུབ་ཡོད།  གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1488བར་འཕེལ་རྒྱས་བྱུང་བ་དང་།  ཉལ་ཁྲི་2645ཡོད་པ། འཕྲོད་བསྟེན་ལག་རྩལ་པ་2679ཡོད་པ་བཅས་2012ལོ་ལས་6%དང་། 41%  44%བཅས་སོ་སོར་འཕར་བ།  མི་སྟོང་རེར་ཉལ་ཁྲི་3.39དང་འཕྲོད་བསྟེན་ལག་རྩལ་པ་3.43ཡོད་པ་དེ་2012ལོ་ལས་37%དང་41%སོ་སོར་མང་དུ་ཕྱིན་ནས་ཞིང་འབྲོག་པས་ནད་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།  ལས་ཞུགས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་2012ལོའི་ཚུན་དུ་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་35129བཏོད་ཡོད།  2018ལོར་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་བྱེད་ཚད་མི་ཐེངས་ཁྲི་18.75ཟིན་པ་དེ་2012ལོའི་ལྡབ་2.5ཡིན་པ་དང་།  སྐབས་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་90%ཡན་ཟིན་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་།  ལེགས་ཆའི་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་བཏང་བ་དང་རྗེས་མཐུད་ལེགས་ཆ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཞིང་།  2018ལོར་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་སྤྱིའི་ཐོན་སྐྱེད་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་26ཟིན་རྒྱུ་ཡིན་པ་དང་།  ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དེ་དམའ་རིམ་ནས་གཞི་ཁྱོན་ཅན་དང་། ཆེད་ལས་ཅན།  ཁྲོམ་ར་ཅན་བཅས་སུ་གྱུར་བ་དང་།  2018ལོར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་42.81ཟིན་རྒྱུ་ཡིན་པ་རེད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་།  འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་།  མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་2.78ཡོད་པ་དེ་2012ལོ་ལས་98%འཕར་ཡོད།  2018ལོར་ཁྱོན་ཚོང་འགུག་མ་འདྲེན་རྣམ་གྲངས་364ཟིན་པ་དང་མ་དངུལ་གནས་སར་འབྱོར་ཚད་སྒོར་དུང་ཕྱུར་60.46ཟིན་པ་དེ་དུས་མཚུངས་ལས་82.65འཕར་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།