འགན་འཁྲི་སེམས་ལ་བཅངས་། གཞི་རིམ་ལས་དོན་བསྒྲུབས་།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:54:54

“དེ་རིང་ཞོགས་པ་ང་ཚོས་དོན་དག་ཁག་གསུམ་ཐག་གཅོད་བྱེད་དགོས་འདུག  གཅིག་ནས་དམག་དམངས་ལམ་དུ་བསྐྱོད་ནས་རླངས་འཁོར་གང་བྱུང་དུ་ཁ་བཀག་སྟེ་གྲོང་མིའི་འགྲོ་སྐྱོད་ལ་འགོག་རྐྱེན་བཟོ་བ་དང་དགོང་མོ་བསྲེགས་ཟས་བཟོ་མཁན་གྱིས་གྲོང་མིའི་རྒྱུན་གཏན་འཚོ་བ་ལ་སུན་པོ་བཟོས་པའི་གནད་དོན་ཁག་གཅིག་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས་པ་དང་།  གཉིས་ནས་ཁོངས་གཏོགས་ཁུལ་གྱི་ཚན་པ་ག་གེ་མོའི་ལས་བཟོ་ཞིག་གི་བུ་མོའི་སྨན་བཅོས་གནད་དོན་མཐུན་སྦྱོར་བྱེད་དགོས་པ།  གསུམ་ནས་སྐྱེ་ཁུངས་སི་ཁྲོན་ནས་ཡིན་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མཐུན་སྦྱོར་བྱེད་དགོས་འདུག”ཅེས་བཤད་རྗེས།  དུས་ཐུང་ཆུ་ཚོད་གཅིག་ལྷག་ཙམ་རིང་།  ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་ངག་དབང་གིས་གནད་དོན་ཐག་གཅོད་བྱ་ཡུལ་གསུམ་དུ་བསྟུད་མར་བསྐྱོད།

ལོ་37ལ་སླེབས་པའི་བསྟན་འཛིན་ངག་དབང་གི་གཟུགས་སྟོབས་དེ་ཙམ་ཆེན་པོ་མེད་ལ་ཤ་རིད་ཙམ་ཡོད་པས་ན་ཚོད་གཅིག་པ་ལས་རྒན་བཟོ་དོད་ཙམ་ཡོད།  གྲྭ་བཞི་གྲོང་གསར་དུ་བསྟན་འཛིན་ངག་དབང་གི་སྐོར་གླེང་སྐབས་ཚང་མས་ཁོང་རྒྱུས་མངའ་ཆེན་པོ་ཡོད།  ཁོང་གིས་དངོས་འབྲེལ་མི་དམངས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་དང་མི་དམངས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ“གོང་རིམ་ལ་བདེ་སྡུག་ཞུ་རྒྱུ”དེ“གཞི་རིམ་དུ་འདྲི་རྩད་བྱེད་པར་བསྐྱོད་རྒྱུར”བསྒྱུར་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཚོས་གོང་ཞུ་བྱས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད།

“ཁྱིམ་དུ་ནང་མི་ག་ཚོད་ཡོད་དམ། གཟུགས་པོ་བདེ་ཐང་ཡིན་ནམ།  ཕྲུ་གུ་སློབ་གྲྭར་གཏོང་གི་ཡོད་དམ”་ཞེས་པ་སོགས་བསྟན་འཛིན་ངག་དབང་གི་ཟིན་བྲིས་ཐོག་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་མང་དག་ཅིག་བཀོད་ཡོད།  གྲྭ་བཞི་གྲོང་གསར་སྡེ་ཁུལ་དུ་ལས་ཀ་བྱས་ནས་དུས་ཚོད་རིང་པོ་མ་སོང་ཡང་བསྟན་འཛིན་ངག་དབང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་གནས་ཚུལ་སྣ་ཚོགས་དང་ལྷག་པར་དུ་དུད་ཚང་དབུལ་པོའི་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད།

སྡེ་ཁུལ་གྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་རྗེས།  བསྟན་འཛིན་ངག་དབང་གིས་གྲོང་ལྷན་གྱི་ཁོངས་མི་དང་མཉམ་དུ་སྡེ་ཁུལ་གྱི་དབུལ་སྒྲོལ་ཐབས་ཇུས་ཐད་གྲོས་བསྡུར་བྱེད་ཀྱི་ཡོད་པ་མ་ཟད།  དུད་ཚང་དབུལ་པོའི་གནས་ཚུལ་དངོས་ལ་གཞིགས་ནས་བབ་བསྟུན་གྱི་དབུལ་སྒྲོལ་བྱེད་ཐབས་བཟོས་པ་དང་།  ཁོང་གིས་ད་དུང་སོ་སོའི་དངུལ་བཏང་ནས་གྲོང་མི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།  ན་ནིང་བསྟན་འཛིན་ངག་དབང་གིས་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ཁུལ་དུ་འོ་མ་དང་སྔོ་ཚལ་ཐད་ཚོང་ས་ཚིགས་བཙུགས་པ་མ་ཟད།  ཁོངས་གཏོགས་ཁུལ་གྱི་གྲོང་མིའི་རྩལ་ནུས་དང་ཁྱད་ཆོས་གང་ལེགས་སྤྱད་དེ་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ཏེ་ཁོང་ཚོར་རྩལ་ནུས་ངོམ་པའི་ལས་སྟེགས་བཏོད་ནས་ཁོངས་གཏོགས་ཁུལ་གྱི་དུད་ཚང་དབུལ་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད།  དེ་དང་ཆབས་ཅིག  ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི“གཉིས་ལྡན་དུད་སྦྲེལ”གྱི་ཁྱིམ་ཚང་ལ་དངུལ་སྨར་ཡོང་འབབ་མང་དུ་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་མི་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱས་པ་རེད།

གྲོང་མི་ཚོའི་མིག་ནང་གི་བསྟན་འཛིན་ངག་དབང་ནི་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་ཞིག་རེད་ལ།  སྡེ་ཁུལ་གྱི་གྲོང་མི་ཚོའི་གཉེན་ཉེ་དང་གྲོགས་པོ་ཞིག་ཀྱང་རེད།  ཁོང་གི་དྲོ་སྐྱིད་ལྡན་པའི་བྱ་སྤྱོད་རེ་རེ་དང་མི་རྣམས་ཀྱིས་དགའ་བསུ་ཐོབ་པའི་བྱ་བ་དངོས་རེ་རེར་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་དགའ་བསུ་དང་ཡིད་ཆེས་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།