ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་གྱིས། མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྡེ་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:54:44

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ།  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་བྱེད་སྒོའི་དཔེ་སྟོན་སྡེ་ཁུལ་ཡིན་པའི་ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་ནག་ཆུ་གྲོང་རྡལ་གཙང་འགྲམ་ལམ་དུ་གནས་པ་དེ་ལྷ་ས་དང་ནང་སར་འགྲོ་འོང་བྱེད་ས་ཡིན་པས།  དེ་གར་བོད་རིགས་དང་། རྒྱ་རིགས། ཧུད་རིགས།  ཡུ་གུར་རིགས་སོགས་མི་རིགས་ཁག་གི་མང་ཚོགས་སྡོད་ཀྱི་ཡོད།  གྲོང་ལྷན་དེས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དང་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་པ་མཐུན་ས་དང་།  བརྩེ་སེམས་འཆང་ཡུལ། ཁེ་ཕན་སྦྲེལ་གནས་བཅས་ཧུར་ཐག་བཙལ་ཏེ་དྲིལ་བསྒྲགས་དང་། སློབ་གསོ།  སེམས་འགུལ་ཐེབས་སུ་འཇུག་པ་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་།  གོ་བདེ་ཤེས་སླའི་བྱེད་སྟངས་གང་ལེགས་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཚོས་རྟོགས་ཐུབ་པ་དང་མིག་མཐོང་ལག་ཟིན་ཐུབ་པ་བྱས་ནས་ལས་དོན་བློ་ལ་བབས་པ་ཞིག་བསྒྲུབས་པས་ཏང་གི་མི་རིགས་ཀྱི་སྲིད་ཇུས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

དར་ཆ་ལྷ་མོ་གྲོང་ལྷན་གྱིས་གཟའ་འཁོར་རེའི་རེས་གཟའ་པ་སངས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཉིན་མོར་གཏན་འཁེལ་བྱས་པ་དང་།  བདེ་ཐང་འཆད་ཁྲིད་དང་། ཁྱིམ་ཚང་སློབ་གསོ།  བདེ་འཇགས་ཤེས་བྱ་སོགས་གསོ་སྦྱོང་གི་འཆད་ཁྲིད་སྣ་ཚོགས་བརྒྱུད་མི་རིགས་ཁག་གི་ཡུལ་མི་མང་ཚོགས་བསྐོངས་ནས་ཁོང་ཚོར་ཉེར་སྤྱོད་ཀྱི་ཤེས་བྱ་ཁག་སློབ་སྦྱོང་བྱེད་དུ་བཅུག་པ་དང་ཆབས་ཅིག་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གྲོང་པ་ཁྱིམ་མཚེས་ཞི་མཐུན་དང་ཕན་ཚུན་རོགས་རམ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད།

“དུས་ཆེན་ཆེ་གྲས་གསུམ”གྱི་འཚམས་འདྲིའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དར་ཆ་ལྷ་མོ་གྲོང་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཟབ་པའི་ཇ་སྟོན་ཚོགས་འདུ་འཚོགས་ནས་གྲོང་ལྷན་གྱི་མི་རིགས་ཁག་གི་མང་ཚོགས་མཉམ་འཛོམས་ཀྱིས་ཅི་འཕྲོས་མོལ་འཕྲོས་བྱས་ཏེ་མཛའ་མཐུན་ཟབ་ཏུ་གཏོང་གི་ཡོད།

སྡེ་ཁུལ་ཏང་ཀྲི་པུས་སྣེ་ཁྲིད་ནས་དར་ཆ་ལྷ་མོ་གྲོང་ལྷན་གྱི་ཡུལ་མིའི་རོགས་རེས་ཚོགས་ཆུང་གིས་ཆ་སྒྲིག་རོགས་སྐྱོར་བྱས་ཏེ་གཞིས་སྲུང་དང་མི་ཧྲེང་སོགས་རོགས་རམ་བྱེད་དགོས་པའི་ཉམས་ཞན་ཚོགས་སྤྱི་གཙོ་གནད་དུ་བྱས་ནས་མཐའ་འཁོར་གྱི་དུད་ཚང་10ནས་15བར་གྱི་ཁྱིམ་མཚེས་ཚོགས་ཆུང་དུ་བགོས་ནས་ཡུལ་མིའི་ནང་ཁུལ་གྱི་རོགས་སྐྱོར་ལམ་སྲོལ་བཟོས་ཡོད།  སྡེ་ཁུལ་གྱིས་རོགས་རེས་ཚོགས་ཆུང་102བཙུགས་ནས་སྡེ་ཁུལ་གྱི་མི་རིགས་ཁག་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་བ་དང་སྡེ་ཁུལ་གྱི་ཡུལ་མི་ཕན་ཚུན་རྒྱུས་མངའ་ཟབ་ཏུ་བཏང་ནས་སྡེ་ཁུལ་གྱི་ཡུལ་མིའི་དབར་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་མ་བཏང་ཡོད།

ཏང་ཡོན་གྱི་དང་བླངས་ཞབས་ཞུའི་རུ་ཁག་དང་ཏང་ཡོན་གྱི་བྱེད་སྒོ་ཁང་གི་ཞབས་ཞུའི་ལས་སྟེགས་སྤྱད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ལ་ཤུགས་སྣོན་རྒྱག་པ་དང“ཕྱོགས་གཉིས་ཀྱི་ཞབས་ཞུའི”བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཞི་མཐུན་སྡེ་ཁུལ་བསྐྲུན་རྒྱུར་ཞབས་འདེགས་ཞུ་བ་དང་སྡེ་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་གི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ནག་ཆུ་གྲོང་རྡལ་དར་ཆ་ལྷ་མོ་གྲོང་ལྷན་2008ལོར་བཙུགས་པ་ནས་ད་བར་མི་རིགས་དབར་རྩོད་རྙོག་བྱུང་བའི་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད་ལ།  ད་ཆ་ཡུལ་མི་མི་རེར་ཆ་སྙོམས་ལོར་ཡོང་འབབ་སྒོར་9000ལྷག་ཟིན་ནས་མི་རིགས་མཐུན་སྒྲིལ་གྱི་དར་ཆའི་འོག་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།