གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:54:43

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་།  གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་།  འཕེལ་རྒྱས་ལ་སྐུལ་གཏོང་དང་། མང་ཚོགས་ལ་ཞབས་ཞུ། མི་སེམས་གཅིག་འགྲིལ།  ཞི་མཐུན་ལ་སྐུལ་གཏོང་སོགས་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པོས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་།  གསར་གཏོད་ལ་མཐོང་ཆེན་གྱིས་འཕེལ་རྒྱས་དོན་གཉེར།  རིག་གནས་ལ་ཁྲིད་སྟོན་བྱས་ནས་མི་སེམས་གཅིག་ཏུ་འགྲིལ་བ་བཅས་བྱས་པས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཏེ་ཁྲལ་བསྡུའི་བྱ་གཞག་སྐྱོན་བྲལ་གོང་འཕེལ་ཡོང་བར་སྐུལ་མ་གཏོང་ཆེད་བསམ་བློའི་འགན་ལེན་དང་བསམ་བློའི་སྒུལ་ཤུགས།  ཆབ་སྲིད་ཀྱི་འདེགས་སྐྱོར་བཅས་བྱུང་ཡོད་པ་རེད།

ཁྱད་ཆོས་མངོན་གསལ་དོད་པོས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཤིང་།  གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱི་ཏང་ཡོན་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཁྲལ་དོན་ཅུས་ལས་ཁུངས་ཏང་ཨུད་ཀྱིས་སྔར་ཡོད་ཀྱི་ཏང་ཀྲི་པུའུ་གསུམ་དེ་ཏང་ཀྲི་པུའུ་ལྔ་ལ་དབྱེ་ནས་རྫོང་ཁག་གི་ཁྲལ་དོན་ཅུས་ལ་ཏང་ཀྲི་པུའུ་ལོགས་སུ་བཙུགས་པ་མ་ཟད།  ཚང་མས་བྱ་ཐབས་མི་འདྲ་བ་སྤྱད་དེ་སྒྲིག་འཛུགས་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ་དང་ཏང་ཀྲི་པུའུ་ལོགས་སུ་བཙུགས་མེད་པ་དག་ལ་མཐུན་རྐྱེན་ཧུར་ཐག་སྐྲུན་ཏེ་ཏང་གི་ཚོགས་ཆུང་བཙུགས་ནས་ཏང་གི་རྩ་འཛུགས་འཚོ་བ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཡོད།

གསར་གཏོད་ལ་མཐོང་ཆེན་གྱིས་འཕེལ་རྒྱས་དོན་གཉེར་བྱས་ཤིང་།  ཏང་གཤིས་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་ཆེད་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གཟའ་ཟླ་བ་འཆར་རིམ་བཞིན་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི་མཛད་སྒོ་གཉེར་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་རྒྱལ་དར་སྲུང་དམག་རུ་ཁག་ཨང་དང་པོ་དེ་བཙུགས་པ་དང་དུས་མཚུངས“རང་རྟོགས་གསུམ”བརྒྱུད་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ནན་དུ་བཏང་ནས་དཔོན་ཉམས་ཆུང་དུ་གཏོང་བ་དང་་།  ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ།  ཐོག་མའི་བསམ་འདུན་མ་བརྗེད་པར་རང་རྟོགས་ཀྱི་བསམ་བློ་ཆེ་རུ་གཏོང་བ།  ལས་ཀ་ནན་ཏན་བསྒྲུབས་ནས་བྱ་སྤྱོད་རང་འགུལ་དུ་གྱུར་བ་བཅས་ཀྱི་སྒོ་ནས་རྩ་འཛུགས་ཀྱི་འཚོ་བར་ཞུགས་པའི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་བ་རེད།

རིག་གནས་མངོན་གསལ་དོད་པོས་མི་སེམས་གཅིག་ཏུ་འགྲིལ་ཞིང་།  གཞིས་རྩེའི་ཁྲལ་བསྡུ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་གཞིས་རྩེའི་ཁྲལ་དོན་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཆེད་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ཁྲལ་དོན་རིག་གནས་ཀྱི་འགྲེམས་ཁང་བསྐྲུན་ཏེ་ཁྲལ་དོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་དངོས་རྙིང་200ཙམ་གྱི་འགྲེམས་དངོས་དང་།  འདྲ་བརྙན་བཟོ་བརྐོས།  པར་རྙིང་པ་520ཙམ་བཅས་གཅིག་སྡུད་བྱས་ནས་གཞིས་རྩེའི་ཁྲལ་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱིར་དྲན་བྱས་ཡོད།  འགྲེམས་ཁང་དུ་གཞིས་རྩེའི་ཁྲལ་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་ལས་གཞིས་རྩེའི་ཁྲལ་དོན་པའི་བསམ་པའི་ཉམས་འགྱུར་མངོན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད་པ་རེད།  (བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།