དཔའ་ཤོད་རྫོང་གིས། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:54:27

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ།  ཉེ་བའི་ལོ་ཤས་རིང་དཔའ་ཤོད་རྫོང་གིས་རིག་རྩལ་འཁྲབ་སྟོན་དང་། དཔེ་དེབ།  རླུང་འཕྲིན་བརྙན་འཕྲིན་བཅས་ཞིང་འབྲོག་ཁུལ་དུ་ཁྱབ་པར་བྱས་ནས་སྤྱི་པའི་རིག་གནས་ཀྱི་ཞབས་འདེགས་ཞུ་རྒྱ་དང་ཁྱབ་འགྱེད་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཞིང་འབྲོག་ཁུལ་དུ་རིག་རྩལ་འཁྲབ་སྟོན་བྱས་ཤིང་།  ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར།  རྒྱལ་སྟོན་སོགས་དུས་ཆེན་རིང་རྫོང་སྒྱུ་རྩལ་ཚོགས་པ་དང་ཤང་དང་གྲོང་རྡལ་ཁག་གི་རིག་རྩལ་རུ་ཁག་གིས་རྫོང་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་།  ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱས་ནས།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཏང་དང་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

ཞིང་འབྲོག་ཁུལ་དུ་རིག་གནས་ཁྱབ་གདལ་བཏང་ཞིང་།  མང་ཚོགས་ཀྱི“དཔེ་དེབ་གཡོར་དཀའ་བ་དང་ལྟ་དཀའ་བའི”གནད་དོན་ཐག་གཅོད་བྱ་ཆེད།  དཔའ་ཤོད་རྫོང་གིས་ཞིང་ཁྱིམ་དཔེ་དེབ་ཁང་གི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཤིང་།  མིག་སྔར་ཞིང་པའི་དཔེ་དེབ་ཁང་110བསྐྲུན་ཟིན་པ་དང་འབྲེལ་གཅིག་གྱུར་ཐོག་དཔེ་དེབ་སྤྲད་པས་གྲོང་ཚོར(གྲོང་ལྷན)ཁྱབ་ཚད་100%ཟིན་པ་རེད།

ཞིང་འབྲོག་ཁུལ་དུ་རླུང་འཕྲིན་བརྙན་འཕྲིན་ཁྱབ་གདལ་བཏང་ཞིང་།  དཔའ་ཤོད་རྫོང་གིས“གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི”ཐད་གཏོང་སྲུང་སྐར་གི་གསང་སྡོམ་ལས་སྟེགས་སྤྱོད་མཁན་གསར་པ་དུད་ཚང་1700ལྷག་ཙམ་གྱི་ཆ་འཕྲིན་ཐོ་བཀོད་བྱས་པའི་རྨང་གཞིའི་ཐོག  ཉེ་བའི་ལོ་གཉིས་ནང“གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི”ཐད་གཏོང་སྒྲིག་ཆས་སྤྲད་མེད་པའི་དུད་ཚང་གསར་པར་སྒྲིག་ཆས་ཆ་ཚང་1200སྤྲད་པ་དང་སྒྲིག་ཆས་ལ་སྐྱོན་ཤོར་བར་དུས་ཐོག་ཏུ་ཉམས་གསོ་དང་།  གསར་བརྗེ། རིམ་སྤོར་བཅས་བྱས་པས་མང་ཚོགས་དུད་ཚང་800ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།