སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་།
| 2018-11-06 12:24:59
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ནས་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ་ཁེ་ལས་རང་ངོས་ཀྱི་བྱ་བ་ཡག་པོ་བསྒྲུབས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།
“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་སྟོབས་ཆེར་གཏོང་བ་ལས་ཉམས་ཞན་དུ་མི་འགྲོ་བ་དང་། ‘ཕྱིར་འཐེན’མི་བྱེད་པར་དེ་ལས་ལྡོག་སྟེ་དེ་བས་ཡངས་པའི་གར་སྟེགས་ཐོག་སྐྱོད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་རྗེས། གཞུང་དོན་ཆེད་ནང་སར་སླེབས་པའི་ལྷ་ས་རྒྱང་རིང་ཨར་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་བློ་བཟང་སྦྱིན་པས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་མི་རིང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་ཤར་དང་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”བྱ་སྤྱོད་ཁྲོད་གཟེངས་རྟགས་ཐོབ་པའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་སྤྲིངས་པའི་འཕྲིན་ལན་ལས།
ཏང་དང་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་པར་འཛིན་པའི་རྣམ་འགྱུར་གསལ་པོ་གང་ལེགས་མངོན་ལ་ཏང་དང་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་ཀྱང་གང་ལེགས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དམངས་གཉེར་ཁེ་ལས་མཁས་ཅན་ལ་སེམས་རྣལ་དུ་ཕབ་པར་བྱས་ཏེ་དམངས་གཉེར་ཁེ་ལས་མཁས་ཅན་གྱི་ཡིད་ཆེས་སྔར་བས་ཆེ་རུ་སོང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ནང་། དམངས་གཉེར་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་གི་མ་དངུལ་མཉམ་འདྲེས་དཀའ་བ་དང་ཐ་ན་མ་དངུལ་མཉམ་འདྲེས་མ་ཐུབ་པའི་གནད་དོན་སྔོན་ལ་ཐག་གཅོད་བྱེད་པ་དང་སྦྲགས། རིམ་བཞིན་མ་དངུལ་མཉམ་འདྲེས་ཀྱི་མ་གནས་དམའ་རུ་གཏོང་དགོས་ཞེས་བསྟན་ཡོད། དེ་ནི་ཀྲུང་དབྱང་གིས་ང་ཚོའི་དམངས་གཉེར་ཁེ་ལས་འབྲིང་ཆུང་དཀའ་ཉེན་ལས་སྒྲོལ་བའི་བྱ་ཐབས་ནུས་ལྡན་ཞིག་རེད”ཅེས་ཝང་ཧུང་བཟོ་ལས་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་ཁུར་བ་ཕན་ཧུང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་ཏང་ཀྲུང་དབྱང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྕག་སྐུལ་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པའི་མཛད་ཕྱོགས་སྲིད་ཇུས་ལ་འགྱུར་བ་བཏང་མེད་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་དང་གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱེད་པར་གཞོལ་བའི་མཛད་ཕྱོགས་སྲིད་ཇུས་ལ་འགྱུར་བ་བཏང་མེད་པར་བརྟེན། དམངས་གཉེར་ཁེ་ལས་ཀྱི་འགན་ཁུར་བ་ཞིག་གི་ངོས་ནས་སེམས་ནུས་གཅིག་ཏུ་བསྒྲིལ་ཏེ་ཁེ་ལས་ཡག་པོ་གཉེར་བ་དང་སྒྲིག་བཀུར་ཁྲིམས་སྲུང་ངང་ཚོང་གཉེར་བྱས་ཏེ་ཁྲིམས་མཐུན་ལུགས་མཐུན་ངང་ཁེ་ལས་ཀྱི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
“གལ་སྲིད་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་གཟིགས་སྐྱོང་དང་རོགས་རམ་བྱས་མེད་ཚེ། ང་ཚོའི་ཀུང་སིའི་ད་ཆའི་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་ལྟ་བུ་ཡོང་མི་སྲིད”ཅེས་ལོ་ཤས་གོང་བོད་ལྗོངས་བྱང་ཆུབ་ཤིང་རིག་གནས་བརྒྱུད་བསྒྲགས་ཚད་ཡོད་ཀུང་སིའི་འགན་ཁུར་བ་འབྲུག་ཆེན་སློབ་ཆེན་ནས་མཐར་ཕྱིན་རྗེས་རང་བརྟེན་གསར་གཏོད་ལས་གཏོད་ཀྱི་ལམ་དུ་བསྐྱོད་ཡོད། ལོ་དེ་དག་རིང་ཀྱག་ཀྱོག་གི་ལམ་བུ་མང་པོ་ཕྲད་ཀྱང་བྱ་གཞག་འཕེལ་རྒྱས་དེ་ཡང་དག་པའི་ལམ་དུ་བསྐྱོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་རྗེས། ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁོང་གིས་རང་ཉིད་ཀྱི་ལས་གཏོད་ལམ་བུར་ཕྱིར་དྲན་བྱེད་སྐབས། ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་རོགས་རམ་གནང་བ་དང་ཁ་འབྲལ་ཐབས་མེད་པས། སླད་ཕྱིན་ཚོང་གཉེར་འཕེལ་རྒྱས་གཏོང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱར་ནན་པོ་གཞིགས་ནས་རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད་བཅས་བྱས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་དཔེ་མཚོན་ཞིག་ཏུ་འགྱུར་བ་བྱ་རྒྱུ་མ་ཟད། ན་གཞོན་མང་པོ་ལས་གཏོད་ལམ་བུར་བསྐྱོད་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།

གནམ་མཚོའི་
- འཕྲལ་སྡོམ་ཉེན་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།
- “ཀུང་སི+རྟེན་གཞི+ཞིང་དུད”ཀྱི་རྣམ་པ་ལས་ཐང་རྒོད་དུ་འབྲས་བུ་སྨིན་པ། རྒུན་འབྲུམ་ཆུང་ཆུང་གིས། ཐོན་ལས་ཆེན་པོ་གཏོད།
- འཇོ་མདར“11·03”རི་ཉིལ་བ། འབྲི་ཆུར་འཁྱིལ་མཚོ་ཆགས་ནས་ཆུ་ཁ་མགྱོགས་མྱུར་མཐོ་རུ་ཕྱིན་པ།
- འཇོ་མདར“11·03”རི་ཉིལ་བ། འབྲི་ཆུར་འཁྱིལ་མཚོ་ཆགས་ནས་ཆུ་ཁ་མགྱོགས་མྱུར་མཐོ་རུ་ཕྱིན་པ།
- རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ།

གལ་ཆེའི་གསར་འགྱུར།
-
འཕྲལ་སྡོམ་ཉེན་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་...
“ཀུང་སི+རྟེན་གཞི+ཞིང་དུད”ཀྱི་རྣམ་པ་ལས་ཐང་རྒོད་དུ་འབྲས་བུ་སྨ...
འཇོ་མདར“11·03”རི་ཉིལ་བ། འབྲི་ཆུར་འཁྱིལ་མཚོ་ཆགས་ནས་ཆུ་ཁ་མགྱོག...
འཇོ་མདར“11·03”རི་ཉིལ་བ། འབྲི་ཆུར་འཁྱིལ་མཚོ་ཆགས་ནས་ཆུ་ཁ་མགྱོག...
རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོ...
བརྙན་མཐོང་།