འཇོ་མདར“11·03”རི་ཉིལ་བ། འབྲི་ཆུར་འཁྱིལ་མཚོ་ཆགས་ནས་ཆུ་ཁ་མགྱོགས་མྱུར་མཐོ་རུ་ཕྱིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:53

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ།  གསར་འགོད་པར་ཆབ་མདོ་གྲོང་ཁྱེར་གྱི་འཕྲལ་སྡོམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ།  འཇོ་མདའ་རྫོང་སྤོ་ལོ་ཤང་པད་དགེ་གྲོང་ཚོར་ཟླ་11ཚེས་3ཉིན་སླར་ཡང་རི་ཉིལ་བ་དང་།  ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་11བར།  འཁྱིལ་མཚོའི་ཆུ་ཁ་ཡན་གྱི་ས་ཉིལ་ཁྱོན་སྨི་རྒྱ་དཔངས་ངོས་གྲུ་ཁྲི་310ཟིན་པ་དང་།  འཁྱིལ་མཚོའི་སྣེ་འགོའི་ཁ་ཞེང་སྨི་195ཡོད་པ། འཁྱིལ་ཚད་སྨི་273ཟིན་པ།  འཁྱིལ་མཚོའི་སྣེ་འགོའི་ཁ་ནས་ཆུ་སྟོད་ཀྱི་ཆུ་ཁའི་ཧེ་བག་སྨི་58.24ཟིན་པ།  ཆུ་རག་མཛོད་ནང་གཤོང་ཚད་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་3.7ཙམ་བཅས་ཟིན་ནས་འཁྱིལ་མཚོའི་མཚོ་ངོས་ཀྱི་ཆུ་ཁ་སྔར་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་རེད།

གནས་ཚུལ་གཞན་སྤེལ་བར་གཞིགས་ན། ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་12ཙམ་ལ།  འཁྱིལ་མཚོའི་ངོས་ཀྱི་ཆུ་སྟོད་སྤོ་ལོའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཆུ་ཁ་སྨི་2897.14ནས་སྨི་2908.7བར་མཐོ་རུ་ཕྱིན་ནས་ཚེས་3ཉིན་གྱི་ཆུ་ཚོད་17དང་བསྡུར་ན་སྨི་11.56མཐོ་རུ་ཕྱིན་ཡོད།  གཙང་ཆུ་གཙང་པོའི་སྤོ་ལོ་ཟམ་ཆེན་ཚེས་4ཉིན་གྱི་ཐོ་རེངས་ཆུ་ཚོད་4དང་སྐར་མ་30ལ་ཆུས་བསྣུབས་ཡོད།  འཁྱིལ་མཚོའི་ངོས་ཀྱི་ཆུ་སྨད་ཡེར་པ་གྲམ་ཐང་ཆུ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཆུ་ཁ་སྨི་2701ནས་སྨི་2698བར་ཆག་ནས་ཟླ་11ཚེས་3ཉིན་གྱི་ཆུ་ཚོད་17དང་བསྡུར་ན་སྨི་2.18ཆག་པ་དང་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་240ཡིན་པ་རེད།

2018ལོའི་ཟླ་11ཚེས་3ཉིན་གྱི་ཆུ་ཚོད་12དང་སྐར་མ་30ཙམ་ལ།  འཇོ་མདའི“10·11”རི་ཉིལ་ཁུལ་དུ་སླར་ཡང་རི་ཉིལ་ནས་གྲོང་ཁྱེར་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་འོག  འཇོ་མདའ་དང་། འགོ་འཇོ། སྨར་ཁམས་བཅས་རྫོང་གསུམ་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་།  ཀྲུའུ་ཞི་ཆེ་དགྲ་ལྷ།  ཧྲུའུ་ཅི་གཞོན་པ་ཀྲོང་ཡན་བཅས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང“ཚན་རིག་དང་མཐུན་པའི་བརྒྱུད་རིམ་དང་རིམ་པ་བཞིན་སྐུལ་འདེད་གཏོང་བའི”བླང་བྱ་གཞིར་བཟུང་།  མཚན་བཏུས་ནས་འཇོ་མདའི་ཉེ་འགྲམ་གྱི་ཀོ་ཀོང་ཁུལ་གྱི་ཉེན་ཁ་འཕྲད་པའི་མང་ཚོགས་བདེ་འཇགས་ངང་གནས་སྤོས་བྱས་པ་དང་།  མིག་སྔར་མང་ཚོགས་དུད་ཚང་600ལྷག་ཙམ་གྱི་མི་3000ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་སྤོས་པ་རེད།

གནོད་འཚེའི་གནས་ཚུལ་གྱི་སྙན་ཞུ་འབྱོར་རྗེས།  རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུས་སྣེ་ཁྲིད་པ་དང་རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་དང་།  ཆུ་བེད་པུའུ།  རྒྱལ་ཁབ་ནུས་རྒྱུ་ཅུས་སོགས་སྡེ་ཚན་ལས་གྲུབ་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་གིས་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་ནས་ས་གནས་ལ་མཛུབ་ཁྲིད་དང་གཞོགས་འདེགས་བྱས་ཏེ་རི་ཉིལ་རྐྱེན་རྩད་ཆོད་བྱས་པ་དང་།  ཉེན་ཁའི་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་མཆེད་ཚུལ་ལ་ཞིབ་གཅོད་བྱས་པ།  འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ཐག་གཅོད་ལས་དོན་སོགས་ཡག་པོ་བསྒྲུབས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།