རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:53

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ།  ཟླ་11ཚེས་3ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚོགས་འདུ་འཚོགས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་འབྲེལ།  གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཐད་སྤེལ་རེས་ཀྱི་གཏམ་བཤད་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་ཀྱིས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་གྱི་དུས་མཚམས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱེད་པ་དང་།  དགོངས་དོན་གྱི་ངོ་བོ་ཁོང་དུ་ཟབ་མོ་ཆུད་པར་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་ཕྱོགས་6ཐད་ཀྱི་ལས་འགན་བླང་བྱར་གཞིགས་ནས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཟམ་གྱི་ནུས་པ་གང་ལེགས་འདོན་པ།  འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་གོང་འཕེལ་ཆེད་ཁོར་ཡུག་ཡག་པོ་སྐྲུན་པ་དང་གོ་སྐབས་སྔར་བས་མང་བ་སྤྲོད་དགོས།  སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཁག་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པའི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་།  དམངས་གཉེར་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་རོགས་བྱས་ཏེ་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།