བོད་ཀྱི་ས་ཁོངས་ཐོག་ཁང་ཏང་ཀྲི་པུའུ་ཐོག་མ་དེ་ལྷ་སར་བཙུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:53

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ།  ཚེས་2ཉིན་གྱི་ཕྱི་དྲོ།  ཁྲོམ་གཞུང་ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ཐོག་ཁང་ཏང་འཛུགས་སྐྱོང་ལས་དོན་གྱི་སྟོང་ཆ་བསབས་ཏེ་ཏང་ཀྲི་པུའི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད།  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ལེ་ཧུད་ཐོག་ཁང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོ་ལྷ་སར་འཚོགས་པ་དེ་ཐོག་ནས་ཁྲེང་ཀོན་ཆུས་ཀྱི“རྩ་འཛུགས་གསར་པ་གཉིས”ཀྱི་ཏང་འཛུགས་སྐྱོང་ལས་དོན་དུས་མཚམས་གསར་པར་སླེབས་པ་དང་།  སྐས་རིམ་གསར་པར་སླེབས་པ། ལེའུ་གསར་པ་འགོ་ཚུགས་པ་བཅས་མཚོན་ཡོད།  ལེ་ཧུད་ཐོག་ཁང་ཏང་ཀྲི་པུའི་ཏང་ཡོན་ཡོངས་དང་།  ཁེ་ལས་ཁག་གཅིག་གི་ཚོང་དུད་འཐུས་མི་སོགས་མི་50ལྷག་ཙམ་སྒོ་བྱང་གི་ཁེབས་རས་ཕྱེ་བའི་མཛད་སྒོར་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ལེ་ཧུད་ཐོག་ཁང་ཏང་ཀྲི་པུའུ་བཙུགས་པ་དེ་ནི་ཁྲེང་ཀོན་ཆུས་ཀྱི“རྩ་འཛུགས་གསར་པ་གཉིས”ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཚོད་ལྟ་དང་འཚོལ་ཞིབ་གསར་པ་ཞིག་ཡིན་པས་ཐོག་ཁང་ནང་གི་ཏང་ཡོན“མཉམ་དུ་སློབ་སྦྱོང་དང་།  མཉམ་དུ་འཛུགས་སྐྱོང་། མཉམ་དུ་ཞབས་ཞུ”བཅས་བྱ་ཆེད་ལས་སྟེགས་ཆེན་པོ་ཞིག་བསྐྲུན་པ་མ་ཟད།  “ཆུང་སྒེར་ཆེད་གསུམ”གྱི་དཔལ་འབྱོར་རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་མཚོན་ཚུལ་ཞིག་ཡིན་པ་དེས་ཏང་འཛུགས་སྐྱོང་བྱ་བ་ཚོང་དོན་ཐོག་ཁང་ལ་ཁྱབ་པ་དང་།  གསར་དར་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད།  ཏང་འཛུགས་སྐྱོང་གིས་ཁེ་ལས་ཀྱི་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་ཀྱི་རྣམ་པ་གསར་པ་ཞིག་བཏོད་ནས་ཐོག་ཁང་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་མཉམ་དུ་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཏེ་ཁྲེང་ཀོན་ཆུས་ཀྱི“རྩ་འཛུགས་གསར་པ་གཉིས”ཀྱི་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།