ནག་ཆུ་གྲོང་ཁྱེར་གྱིས། གཞི་རིམ་དམངས་ཁྲོད་ཀྱི་གླུ་དབྱངས་འཁྲབ་སྟོན་པ་གསོ་སྦྱོང་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:53

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར།  ནག་ཆུ་གྲོང་ཁྱེར་རིག་གནས་ཅུས་དང་ནག་ཆུ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་མཉམ་དུ་གཉེར་བའི་དུས་ཡུན་ཉིན་7གྱི་ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་དམངས་ཁྲོད་ཀྱི་གླུ་དབྱངས་འཁྲབ་སྟོན་པའི་རྨང་གཞིའི་གསོ་སྦྱོང་ལྷ་སར་བྱས་པ་དང་།  ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་གཞི་རིམ་རིག་རྩལ་ཚོགས་པའི་སློབ་མ་32གསོ་སྦྱོང་ལ་ཞུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  གསོ་སྦྱོང་སློབ་ཚན་གཙོ་བོ་ལྷ་ས་ཁི་ལེ་ཏེ་མན་རོལ་དབྱངས་སྒྱུ་རྩལ་སློབ་གྲྭས་སློབ་ཁྲིད་དང་མཛུབ་ཁྲིད་བྱེད་ཀྱི་ཡོད།  ནག་ཆུ་གྲོང་ཁྱེར་རིག་གནས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས།  ད་ཐེངས་གསོ་སྦྱོང་ཀྱི་དམིགས་ཡུལ་ནི་ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་གླུ་དབྱངས་འཁྲབ་སྟོན་པའི་ཆེད་ལས་ཆུ་ཚད་དང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་།  ནག་ཆུའི་གཞི་རིམ་གྱི་རིག་གནས་དང་སྒྱུ་རྩལ་དཔུང་ཁག་གི་ཕྱོགས་བསྡུས་ཞབས་འདེགས་ནུས་པར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་རིག་གནས་དང་སྒྱུ་རྩལ་བྱེད་སྒོ་ཟམ་མི་ཆད་པར་དར་རྒྱས།  ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་རེད་ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།