ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེང་ལ་བཅར་འདྲི་ཞུས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:53

དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན།  འདམ་གཞུང་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པ་གཞི་རྩའི་བྱ་ཐབས་ལ་བརྩིས་ནས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་།  དབུལ་སྒྲོལ་འགག་སྒྲོལ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ཏེ་གནད་སྨིན་དབུལ་སྐྱོར་རམ་གནད་སྨིན་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་ས་ཁུལ་དབུལ་པོའི་ཆུ་གློག་ལམ་སོགས་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཞིང་།  སློབ་གསོ་དང་། འཕྲོད་བསྟེན།  རིག་གནས་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་མཐོ་རུ་ཕྱིན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

2017ལོའི་ཟླ་12ཚུན་དུ་འདམ་གཞུང་རྫོང་གི་ཁྱོན་དུད་ཚང་1847གྱི་མི་གྲངས་8240གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཁབ་ཀྱི་ཚད་གཞི་ལས་བརྒལ་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་།  རྫོང་ཡོངས་སུ་དབུལ་པོ་ཐོན་ཚད་3%མན་ཆད་དུ་ཆག་ཡོད།  འདི་ལོའི་ཟླ་10པར་འདམ་གཞུང་རྫོང་དབུལ་པོའི་རྫོང་ནས་ཕྱིར་འཐེན་བྱེད་པའི་ཆ་རྐྱེན་ཚང་སྟེ་དབུལ་ཞྭ་ཕུད་པ་རེད།

ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀྲེང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས་འདམ་གཞུང་རྫོང་གིས་ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ཐོག  བོད་ཀྱི་ཁྱད་ཆོས་དང་འདམ་གཞུང་གི་ཁྱད་ཆོས་ལྡན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་དུ་ཇི་ལྟར་སྐྱོད་པའི་སྐོར་ལྷུག་པོར་གླེང་བྱུང་།

ཀྲང་ཀྲེང་གིས“འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་གཅིག་པུ་དེ་ཡིན་ཞིང་།  རང་བྱུང་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ལས་རྨང་གཞིའི་སྒྲིག་བཀོད་ཅུང་ཞན་པ་དང་།  འབྲོག་པ་ཁག་གཅིག་གི་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་མི་འདང་བ།  དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྕི་བ་སོགས་ཡོད།  དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་གནད་སྨིན་སྲིད་ཇུས་སྤྱོད་པ་ནི་འགག་རྩ་ཡིན་པས་འདམ་གཞུང་རྫོང་གིས།  ཤང་དང་། གྲོང་རྡལ། གྲོང་ཚོ།  དུད་ཚང་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་བབ་ལ་བསྟུན་ཏེ་གནད་སྨིན་དབུལ་སྒྲོལ་གྱི་ལམ་ཐིག་དཔེ་རིས་དང་།  དུས་ཚོད་རེའུ་མིག  ལས་འགན་ཡི་གེ་སོགས་བཟོས་ཏེ་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་པ་དང་སྲིད་ཇུས་གནད་སྨིན་སྤྱད་དེ་དབུལ་པོ་ངོ་མ་དབུལ་སྒྲོལ་དང་དངོས་འབྲེལ་དབུལ་སྒྲོལ་ཐུབ་པར་བྱས་ཡོད”ཅེས་བཤད།

ཀྲང་ཀྲེང་གིས་ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་དམིགས་བསལ་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པས་འབྲོག་ལས་དང་།  རིག་གནས་ཡུལ་སྐོར།  རང་བྱུང་འཐུང་ཆུ་སོགས་ཐོན་ལས་ཀྱི་ལེགས་ཆ་སྔོག་འདོན་ཟམ་མི་ཆད་པ་དང་ཐོན་ལས་སྐྱེད་སྲིང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ཐབས་ལམ་ལ་བརྩིས་ཡོད་པ་རེད།  འདམ་གཞུང་རྫོང་གིས་འབྲོག་ལས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ལྗོངས་ཡོངས་ཀྱི་འབྲི་གཡག་གསོ་ཚགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཆོག་པའི་མ་ལག་གཅིག་པུ་དེ་བཙུགས་ཏེ“ཐོབ་ཐང་ལག་ཁྱེར་ཡོད་པའི”འབྲི་གཡག་གི་ཤ་བཙོངས་པ་དང་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་འབྲི་གཡག་གསོ་ཚགས་ཀྱིས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་དེ་ཐོན་ལས་དབུལ་སྒྲོལ་གྱི“གསེར་བྱང”ལ་གྱུར་པར་བྱས་པ་དང་།  གནམ་མཚོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བས་གྲོང་ཁྱེར་ཡོངས་ཀྱི་སྔ་སྣུར་དུ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཆར་གཞི་བཀོད་ཟིན་པ་དང་སྦྲགས“གནམ་མཚོ·དུས་བཞིའི་འབྲོག་གླུ”ཞེས་པའི་ཐོན་ལས་གླིང་དང་ཁང་དམར་ཆུ་ཚན་གྱི་ངལ་གསོ་སྤྲོ་གསེང་གྲོང་ཚོའི་རྣམ་གྲངས་བཏོད་དེ་རྣམ་གྲངས་དེ་གཉེར་སྐྱོང་བྱས་པ་ལས་དུད་ཚང་568ཀྱི་མང་ཚོགས་912ལས་ཞུགས་ཐུབ་པ་བྱུང་བ།  རང་བྱུང་འཐུང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས“གནམ་མཚོའི་གནས་ཆུའི”སྤུས་རྟགས་བཏོད་པས་2017ལོར་རྣམ་གྲངས་དེས་མང་ཚོགས་ལ་སྒོར་ཁྲི་29.7བགོ་བཤའ་བརྒྱབ་པ་རེད་ཅེས་བཤད།

རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་མཐའ་འཁྱོངས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་གྲོང་གསེབ་ཀྱི་བསམ་པའི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་།  དཔེ་སྟོན་སྣེ་ཁྲིད་ལ་སྣང་ཆེན་བྱས་ནས་རང་འགུལ་ངང་གསར་གཏོད་དང་ལས་ཞུགས་ཐུབ་པ་བྱེད་མཁན་མང་ཚོགས་ལ་གཟེངས་བསྟོད་བྱས་པ་དང་དཀའ་སྤྱད་ཕྱུག་འགྱུར་ཡོང་བར་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ང་རང་དབུལ་སྒྲོལ་ཡོང་བར་བྱེད་པ་ནས་ང་རང་ཕྱུག་པོ་ཆགས་པར་བྱེད་པའི་བར་འགྱུར་ལྡོག་གཏོང་རྒྱུའི་ལྕག་སྐུལ་བྱས་པ།  གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཡོད།  ཀྲང་ཀྲེང་གིས་འདམ་གཞུང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་རང་འགུལ་ངང་ཕྱོགས་ཁག་གི་སྟོབས་ཤུགས་བསྐོངས་ཏེ་ཕྱོགས་ཚང་མའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཡོད།  རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་དང་།  བོད་སྐྱོར་ཐོན་ཁུངས།  སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་བཅས་སྤྱི་འདོམས་བྱས་ཏེ་ཕྱོགས་ཡོངས་དང་།  ཁྱབ་ཁོངས་རྒྱ་ཆེ་བ།  རིམ་པ་ཟབ་པ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་སྤེལ་ཡོད།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱས་ཤིང་།  འདམ་གཞུང་རྫོང་གིས་སྣོད་བཅུད་སྲུང་སྐྱོང་བྱེད་རིང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ་དང་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་སྣོད་བཅུད་ལས་གནས་12229མཁོ་འདོན་བྱས་པ་དང་ལས་གནས་ཀྱི་མ་དངུལ་སྒོར་ཁྲི་3143.2སྤྲད་པས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་མ་ཟད་སྣོད་བཅུད་སྲུང་སྐྱོང་ལའང་སྐུལ་མ་ཐེབས་ཡོད་ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།