བསམ་ཡས་གྲོང་རྡལ་གྱིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ” གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར།

| 2018-10-31 16:05:54

འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། གྲ་སྣང་རྫོང་བསམ་ཡས་གྲོང་རྡལ་ཡར་རྒྱས་གྲོང་ཚོས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་བཀོད་སྒྲིག་བླང་བྱར་གཞིགས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་ཐབས་གསར་གཏོད་བྱས་ཏེ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་འབྲེལ། “རྨང་གཞི་བརྟན་གཏོང་དང་། དུས་བདེ་འགན་ལེན། ཞི་མཐུན་ལ་སྐུལ་འདེད། ཐོན་ལས་ལ་དམ་འཛིན། འབབ་འཕར་ལ་སྐུལ་འདེད། འཕེལ་རྒྱས་དོན་གཉེར”བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པ་རེད།

ཡར་རྒྱས་གྲོང་ཚོས་དུད་སྦྲེལ་སྤྱི་མི་ཁག་གིས་ཟླ་རེའི་ལས་དོན་སྤེལ་ཚུལ་ཡིག་ཐོག(བོད་ཡིག)ནས་གྲོང་ཚོ“ཨུ་ལྷན་གཉིས”ལ་སྙན་ཞུ་འབུལ་རྒྱུའི་བླང་བྱ་བཏོན་པ་དང་། “ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དུད་སྦྲེལ་སྤྱི་མིས་མཉམ་དུ་བདེན་རྫུན་རང་བཞིན་དང་། དཀའ་གནད་ཆེ་ཆུང་། ཕན་འབྲས་རང་བཞིན་བཅས་ཀྱི་སྒོ་ནས་ཕྱོགས་བསྡུས་སྐར་མ་བརྒྱབ་སྟེ་སྐར་གྲངས་དེ་ཟླ་རེའི་དཔྱད་དཔོག་གི་ཁྱབ་ཁོངས་སུ་བཅུག་པ་དང་འབྲེལ། གྲོང་ཚོ་ཡོངས་སུ་ཡོངས་བསྒྲགས་བྱས་ཡོད་པ་རེད། “གཉིས་ལྡན་དུད་སྦྲེལ”ལས་དོན་གྱི་སྐད་འཕྲིན་ཚོགས་པ་བཟོས་ནས་གཉིས་ལྡན་དུད་སྦྲེལ་གྱིས་རང་ངོས་ཀྱི་ལས་དོན་སྤེལ་ཚུལ་དང་། ཤེས་རྟོགས་བྱུང་བའི་གནས་ཚུལ། དེ་བཞིན་སོ་སོའི་བསམ་ཕྱོགས་བཅས་བོད་ཡིག་དང་། པར་རིས། བརྙན་ཐུང་། གཏམ་གླེང་སོགས་ཀྱི་བྱ་ཐབས་ཐོག་ནས་སྐད་འཕྲིན་ཚོགས་པའི་ནང་བསྐུར་ཏེ་ཕན་ཚུན་སྤེལ་རེས་བྱས་པས་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་ལྟ་སྐུལ། སྤྱི་ཡོངས་ལ་སྐུལ་འདེད་བཅས་ཀྱི་ནུས་པ་བཟང་པོ་ཐོན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།