ལྷ་སའི་བདལ་གཏོང་རླངས་འཁོར་ཀུང་སིས་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར།

| 2018-10-31 16:05:54

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་འགྲུལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཧེང་ཨན་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་དང་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་ལོ་ལྟར་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་ཆེད་དོན་བཅོས་སྒྲིག་བྱེད་ཀྱི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་དང་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚུའེ་ཧྲའོ་ཡོའུ་ཡིས། ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ནི་གཞི་རྩའི་ཆ་ནས་དུས་ཚིགས་རེར་ཐེངས་རེ་སྤེལ་བ་དང་དུས་ཡུན་ཐུང་ཤོས་ཉིན་བདུན་དང་རིང་ཤོས་ཟླ་བ་གཅིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།

བཅོས་སྒྲིག་གི་ནང་དོན་ནི་གཉེར་སྐྱོང་ཞབས་ཞུ་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞིང་། ཞིབ་ཏུ་དབྱེ་ན་རླངས་འཁོར་གྱི་རྣམ་པ་དང་། ཁ་ལོ་བའི་གྱོན་ཆས། རླངས་འཁོར་ནང་གི་གཙང་སྦྲ(གཉེར་སྐྱོང་དང་འབྲེལ་བ་མེད་པའི་དངོས་པོ་འདོགས་མི་ཆོག) རླངས་འཁོར་གྱི་མཇུག་སྒམ་གྱི་མེ་ཟོན་སྒྲིག་ཆས་འཐུས་ཚང་ཡིན་མིན་བཅས་ལ་ཞིབ་བཤེར་བྱ་རྒྱུ་མ་ཟད། འཁོར་རིགས་ལ་བདེ་འཇགས་ཀྱི་བཏགས་གྲངས་ཞིབ་བཤེར(འཁོར་ལོའི་རི་མོ་དང་རླངས་འཁོར་གཏོང་སྐབས་རྒྱུན་གཏན་མིན་པའི་སྐད་སྒྲ་ཡོད་མེད)སོགས་རེད།

དེའི་ནང་ནས་འཁོར་རིགས་ཀྱི་ལོ་བཤེར་ནི་ལོ་ལྟར་བྱེད་དགོས་པ་མ་ཟད། ལོ་ལྟར་དུས་བཀག་ནང་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་བླང་བྱ་ལྟར་རིམ་གཉིས་ཉམས་གསོའི་ལས་དོན(འཁོར་བཀག་དང་གློག་འོད་སོགས་ལ་ཉམས་བཟོ་ཞིབ་བཤེར་བྱེད་པ)སྒྲུབ་དགོས་ཤིང་། དེའི་དམིགས་ཡུལ་ནི་ཁ་ལོ་བ་དང་འགྲུལ་པའི་བདེ་འཇགས་ལ་འགན་ལེན་བྱ་ཆེད་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།