ལོ་གསུམ་རིང་ལག་བསྟར་གྱོད་གཞི་ཐག་གཅོད་ཚད་90%ཡན་ཟིན་པ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར།

| 2018-10-31 16:05:53

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལག་བསྟར་ནི་འདྲི་གཅོད་ལས་དོན་གྱི་རྒྱུན་མཐུད་ཅིག་དང་། ནུས་ཐོན་གྱི་ཁྲིམས་བཅད་ཡིག་ཆའི་དབང་གྲགས་ལ་སྲུང་སྐྱོང་བྱེད་པའི་འགན་ལེན་ཞིག དོ་བདག་གི་ཁེ་དབང་ལ་འགན་ལེན་བྱེད་པའི་མཐའ་མའི་བྱེད་ཐབས་ཤིག་བཅས་ཡིན། གལ་སྲིད་ལག་བསྟར་དོན་ཐོག་ཏུ་མི་འཁྱོལ་ཚེ། ནུས་ཐོན་གྱི་ཁྲིམས་བཅད་ཡིག་ཆ་ཤོག་བུ་སྟོང་པ་ཞིག་ཏུ་འགྱུར་སྲིད། 2016ལོར“ལོ་གཉིས་ནས་གསུམ་བར་གྱི་དུས་ཚོད་བརྒྱུད། ལག་བསྟར་དཀའ་བའི་གནད་དོན་སྤྱིར་ན་ཐག་གཅོད་བྱེད་པའི”འཐབ་ཇུས་ལག་ལེན་བསྟར་ཚུན། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་ལས་དུས་འཕར་མ་བྱས་ནས་ཕན་འབྲས་བཟང་པོ་ཐོན་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། ལོ་གསུམ་རིང་། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་དུས་ཆེན་དང་གུང་གསེང་རིང་གི་ངལ་གསོའི་དུས་ཚོད་སྤྱད་དེ་ལས་ཀ་འཕར་མ་བྱས་པ་དང་། ལས་བྲེལ་ཆེ་བའི་རྐྱེན་གྱིས་ངལ་གསོའི་དུས་ཚོད་བློས་གཏོང་མཁན་མི་ཐེངས་30ལྷག་ཙམ་ཟིན་པ་དང་། ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་རིམ་རྩིས་བྱས་ན་ལས་ཀ་འཕར་མ་ཆུ་ཚོད་2496བྱས་པ་དང་། གཞུང་དོན་དུ་ཕྱིར་བསྐྱོད་ནས་གྱོད་གཞི་སྒྲུབ་གཉེར་བྱེད་མཁན་མི་ཐེངས་40ལྷག་ཙམ་ཟིན་ཡོད། དཀའ་ལས་བརྒྱབ་པའི་འབྲས་བུར། རྒྱུ་ནོར་མཁོ་འདོན་བྱར་ཡོད་པའི་གྱོད་གཞི་ཐག་གཅོད་བྱེད་ཚད་90%ཡན་ཟིན་པ་དང་། ལོ་གསུམ་རིང་ལག་བསྟར་མཇུག་སྒྲིལ་ཚད་ལོན་ཚད་90%ཡན་ཟིན་པ། ལོ་གསུམ་རིང་ཕྱོགས་བསྡུས་གྱོད་གཞི་ཐག་གཅོད་བྱེད་ཚད་84.51%ཟིན་པ། ལོ་གསུམ་རིང་གྱོད་དངུལ་གཅིག་སྡུད་ཐོག་སྤྲོད་པའི་ལག་བསྟར་ཚོགས་ཆེན་ཐེངས་11འཚོཌ་པ་དང་། གྱོད་དངུལ་སྒོར་ཁྲི་9000ལྷག་ཙམ་སྤྲད་ཡོད།

ལག་བསྟར་དཀའ་བའི་གནད་དོན་སྤྱིར་ན་ཐག་གཅོད་བྱ་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་རེ་སྒུག་བྱེད་ས་ཞིག་ཡིན་ལ། ལག་བསྟར་བྱེད་མཁན་ལས་བྱེད་ཉེན་རྟོག་པའི་རེ་སྒུག་བྱ་ཡུལ་ཞིག་ཀྱང་ཡིན། ཁོང་ཚོས་དམིགས་ཚད་དེའི་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་བའི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད། རེ་ཞུ་མཁན་གྱིས་ཆད་དངུལ་ལེན་བཞིན་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་མཐོང་སྐབས་ལས་བྱེད་ཉེན་རྟོག་པ་ཚོ་དགའ་ཚོར་ཆེན་པོ་སྐྱེ་གི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།