ཕོ་བྲང་པོ་ཏ་ལའི་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོཌ་ཀྱི་ཕྱུག་འགྱུར་ལམ་བུ་ཡངས་སུ་ཧུར་ཐག་བཏང་བ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར།

| 2018-10-31 16:05:53

ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། གྲོང་ཚོ་ཡོངས་ཀྱི་དུད་ཚང་38ཀྱི་མི་153བདེ་བླག་ངང་དབུལ་སྒྲོལ་ཐུབ་ཆེད། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཉི་མ་ཤང་སྒོ་ལུང་གྲོང་ཚོར་བཅའ་སྡོད་ཕོ་བྲང་པོ་ཏ་ལའི་ལས་དོན་རུ་ཁག་གིས་གྲོང་ཚོ་ཨུ་ལྷན་དང་མཉམ་དུ་ཞིབ་འཇུག་དང་གྲོས་བསྡུར་བྱས་པ་བརྒྱུད། 2018ལོའི་ཟླ་7པའི་ཟླ་མཇུག་ཏུ་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་10རེ་ཞུ་བྱས་ཤིང་། 2012ལོར་ནག་ཆུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་གྲོང་སྡོད་བྱེད་རིང་རོགས་སྐྲུན་བྱས་པའི་འབྲོག་ལས་མཉམ་ལས་ཁང་ལ་ཉམས་གསོ་དང་སྟབས་བདེའི་མཛེས་བཟོ་བྱ་རྒྱུར་སྤྱད་པ་དང་། ཚོང་གཉེར་སླར་གསོ་བྱས་པ་མ་ཟད་འབྲེལ་ཡོད་ཀྱི་འགྲོ་ལུགས་ཀྱང་གཉེར་བ་རེད། ཟླ་9པའི་ཟླ་འགོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་ཚད་བརྒལ་བྱ་གཞིར་བྱས་ནས་དབུལ་སྐྱོར་ཚོང་ཁང་དང་། ཇ་ཁང་། སྒྲོམ་སྟེགས་སྤོ་ལོ་རྒྱག་ས་བཅས་བཙུགས་པ་རེད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།