དམངས་གཉེར་ཁེ་ལས་ཀྱི་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བ།

བོད་ལྗོངས་ཁྲིམས་ལུགས་ཚགས་པར།

| 2018-10-31 16:05:53

ཚོང་འཕྲིན་ཚགས་པར་ཐོག་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་བཟོ་ཚོང་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པ་བརྒྱུད། བོད་ལྗོངས་ཀུན་མཆོག་འཕྲུལ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་མི་རིགས་མཐུན་སྒྲིལ་གཏོད་པའི་གཅེས་སེམས་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།

རོགས་སྐྱོར་མཛད་སྒོའི་ཐོག་བོད་ལྗོངས་ཀུན་མཆོག་འཕྲུལ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ཚེར་དབད་ཤང་ལ་ཐོག་གྲོང་ཚོའི་དུད་ཚང་9ཡི་དབུལ་སྐྱོར་མང་ཚོཌ་ལ་སྒོར་ཁྲི་2རི་བའི་རྔོ་འཁོར་དང་། གློག་གི་ཧུའུ། སྒྲོག་ཙེ། ཐང་ག་སོགས་ཀྱི་འཚོ་བའི་མཁོ་ཆས་སྤྲད་པ་རེད། མཛད་སྒོ་གྲོལ་རྗེས། ཀུང་སིའི་རྣམ་གྲངས་འགན་འཁུར་བས་རོགས་སྐྱོར་བྱ་ཡུལ་གྱི་མང་ཚོགས་ལ“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར”གྱི་བྱེད་སྒོའི་དོན་སྙིང་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། ཚང་མས“སྒུག་རྟེན་སློང”གི་བསམ་བློ་མ་འཁྱེར་བར་རང་གི་ལག་གཉིས་ལ་བརྟེན་ཚེ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་དང་བསམ་བློར་འགྱུར་ལྡོག་བཏང་ཚེ་གཞི་ནས་མིག་སྔའི་གནས་བབ་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་བ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།