ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོཌ་ཐེངས་བཞི་པའི་གྲ་སྒྲིག་ཚོཌ་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-31 15:55:36

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་29ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གཙོ་སྐྱོང་གནང་ནས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་ཚོགས་འདུ་འཚོགས་ཏེ། ཚོགས་འདུའི་གྲ་སྒྲིག་གནས་ཚུལ་གསན་པ་དང་འབྲེལ་ཚོགས་འདུའི་གྲ་སྒྲིག་ལས་དོན་ཁག་ལ་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་གནང་ཞིང་། ཁོང་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་ལས་ཀའི་འགན་འཁྲི་གསལ་པོ་བཟོས་ཏེ་ཚོགས་འདུའི་ཇུས་གཞིའི་བླང་བྱ་གཞིར་བཟུང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་ཚོགས་འདུར་ཕེབས་པ་རེད།

ཏིང་ཡེ་ཤན་གྱིས་ཚོགས་འདུའི་གྲ་སྒྲིག་ལས་དོན་ཚོགས་ཆུང་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་བྱེད་དགོས་པ་དང་། སྲ་ཞིང་བརྟན་པའི་ཏང་གཤིས་ཀྱི་རྩ་དོན་དང་སྒྲིག་ཁྲིམས་ཀྱི་འདུ་ཤེས་ལ་བརྟེན་ནས་ཐེངས་འདིའི་ཚོགས་འདུ་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་དང་ངར་ཤུགས་འཕེལ་བའི་ཚོགས་ཆེན་ཞིག་ཏུ་འཚོག་དགོས། གཅིག་ནས་ཚད་མཐོའི་འགན་འཁུར་གྱིས་ཚོགས་འདུ་ཡག་པོ་འཚོག་དགོས་པ་དང་། ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ཚོགས་འདུའི་ཁ་ཕྱོགས་གསལ་པོ་དང་སྟོན་ཕྱོགས་གསལ་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཚོགས་འདུའི་གྲོས་རིམ་ཁག་ལེགས་སྒྲུབ་ཡག་པོ་ཡོང་བའི་འགན་ལེན་བྱེད་པ། ཚོགས་འདུའི་ལས་འགན་གསལ་པོ་དང་ཕན་འབྲས་བཟང་པོ་ཐོན་པའི་འགན་ལེན་བྱེད་པ། ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཚོགས་འདུའི་དགོངས་དོན་ཆད་ལུས་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བཅས་བྱེད་དགོས་པ་དང་། གཉིས་ནས་རང་དཔེ་གཞན་སྟོན་དང་སྒྲིག་ཁྲིམས་ནན་པོ་སྲུང་དགོས་ཤིང་། དམ་པ་དོན་གཉེར་དང་ཚོགས་འདུའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་བླང་བྱར་གཞིགས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བཟོ་བ་དང་། ཚོགས་འདུའི་སྒྲིག་ཁྲིམས་ནན་དུ་གཏོང་བ། གསང་སྲུང་གི་སྒྲིག་ཁྲིམས་ནན་པོ་སྲུང་བ། སྲིད་གཙང་སྒྲིག་ཁྲིམས་ནན་དུ་གཏོང་བ་བཅས་བྱས་ཏེ་གྲོས་རིམ་ཁག་ལེགས་སྒྲུབ་ནན་ཏན་བྱས་ནས་ཚོགས་འདུར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ། གསུམ་ནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འགན་ལེན་ཡག་པོ་བྱེད་དགོས་ཤིང་། ལས་དོན་ཚོགས་ཆུང་ཁག་གིས་ཚོགས་འདུའི་ཇུས་གཞིའི་བླང་བྱ་དང་ལས་འགན་ཁག་བགོས་ལ་ནན་པོར་གཞིགས་ནས་རང་སོ་སོས་འགན་འཁུར་བའི་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་ཏེ་ཚོགས་འདུ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོག་རྒྱུར་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུ་མ་འཚོགས་གོང་། ཏིང་ཡེ་ཤན་དང་བཅས་པས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཕེབས་པའི་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་ཚོགས་ཞུགས་འཐུས་མི་ཁག་གཅིག་ལ་བྱམས་བརྩེའི་ངང་གཟིགས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།