ཉིང་ཁྲིའི་རྒྱ་ལ་གྲོང་ཚོར་འཁྱིལ་མཚོའི་ཉེན་ཁ་སླར་ཡང་ཐོན་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-31 15:55:36

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ཀྱི་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འཕྲལ་སྡོམ་ཉེན་སྐྱོབ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་11ཙམ་ལ། ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འཕྲལ་སྡོམ་ཉེན་སྐྱོབ་ལས་དོན་གྱི་འཐབ་ས་མདུན་མའི་བཀོད་འདོམས་པུའི་འགྲོ་ལམ་གཤོང་མཁན་གྱིས་བརྗོད་པ་ལྟར་ན། རྒྱ་ལ་གྲོང་ཚོ་ནས་སྤྱི་ལེ་3ནས་4ཙམ་གྱི་བར་ཡར་ཀླུང་གཙང་པོའི་ཆུ་ཁ་རྒྱས་ནས་ཆུ་ཚོད་རེར་ལི་སྨི་80ཙམ་མཐོ་རུ་སོང་སྟེ་བཤངས་ཟིན་པའི་ལམ་ཆུས་བསྣུབས་པ་དང་མེ་ཏོག་རྫོང་བརྒྱུད་ཀྱི་ཆུ་ཁ་ཅུང་ཆག་ཡོད་པ་རེད།

ཉེན་ཁའི་གནས་ཚུལ་གྱི་སྙན་སེང་འབྱོར་རྗེས། ཉིང་ཁྲི་གྲོང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་བྱས་ནས་འཕྲལ་མར་རིམ་པ་ལྔ་པའི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་རེད། མིག་སྔར། གཞུང་ལམ་གཤོང་མཁན་འཕྲུལ་ཆས་5དང་། མོ་ཊ་5 མི་སྣ་21བཅས་བདེ་འཇགས་ཁུལ་དུ་ཕྱིར་འཐེན་བྱས་པ་དང་། དེ་གོང་ཉེན་ཁ་ཐོན་རྗེས་མི་ཚང་མ་བདེ་འཇགས་ངང་ཕྱིར་འཐེན་བྱས་པས་ད་ལྟ་མི་སྣ་འཆི་རྨས་ཀྱི་སྙན་སེང་གང་ཡང་འབྱོར་མེད། མིག་སྔར། རོགས་སྐྱོབ་དངོས་ཟོག་གྲབས་གསོག་འདང་ངེས་བྱས་ཡོད་ལ། གེགས་ཁུལ་གྱི་གློག་ཤུགས་དང་འཕྲིན་གཏོང་འགན་ལེན་ནུས་ལྡན་བྱུང་བ་མ་ཟད། འགྲིམ་འགྲུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད། གཞན་ཡང་། བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་གཅིག་སྡུད་ཐོག་བཀའ་སྒུག་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།