ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བརྡ་ཆའི་གནད་སྨིན་དབུལ་སྐྱོར་དང་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་བརྒྱུད་གཏོང་གི་སྤྱི་ཕན་རྣམ་གྲངས་ཆེན་པོ་གཉིས་ལག་ལེན་བསྟར་འགོ་ཚུགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར

| 2018-10-30 16:59:40

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གྱི་ཕྱི་དྲོ། “ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བརྡ་ཆའི་གནད་སྨིན་དབུལ་སྐྱོར་དང་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་སྤྱི་ཕན་བརྒྱུད་གཏོང་རྣམ་གྲངས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ”པེ་ཅིང་དུ་གཉེར་བ་རེད། “CCTVརྒྱལ་ཁབ་ཀྱི་སྤུས་རྟགས་འཆར་གཞི་-བརྡ་ཆའི་གནད་སྨིན་དབུལ་སྐྱོར”ཡོངས་ཁྱབ་བྱུང་བའི་ས་ཁོངས་ནས་ཡོང་བའི་འཐབ་ཕྱོགས་དང་པོའི་དབུལ་སྐྱོར་ལས་བྱེད་པ་དང་ཞིང་དུད་ཀྱི་འཐུས་མི་དང་། དེ་བཞིན“CCTVརྒྱལ་ཁབ་ཀྱི་སྤུས་རྟགས་འཆར་གཞི་-རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་སྤྱི་ཕན་བརྒྱུད་གཏོང”ནང་བདམས་ཐོན་བྱུང་བའི་རྣམ་གྲངས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་སླེབས་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“བརྡ་ཆའི་གནད་སྨིན་དབུལ་སྐྱོར”ནང་ནང་སོག་དང་། ཀན་སུའུ། ཧུའུ་པེ། བོད་ལྗོངས། ཅང་ཤིས་བཅས་ཞིང་ཆེན་དང་(རང་སྐྱོང་ལྗོངས)5གསར་དུ་བསྣན་ཡོད།

 རང་རྒྱལ་ནས་ཐོན་པའི་གནམ་ཐང་གྲུ་གཟིངས་དང་མི་ཞུགས་འཇིག་རྟེན་འཕུར་གྲུ་སོགས་རྣམ་གྲངས་8“རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་སྤྱི་ཕན་བརྒྱུད་གཏོང”ནང་བཅུག་ཡོད་པ་རེད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲུང་དབྱང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་ཧྲེན་ཧའེ་ཞུང་གིས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པ་རེད།

ཧྲེན་ཧའེ་ཞུང་གིས་ཀྲུང་དབྱང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཙུགས་པ་དང་ཀྲུང་གོ་གསར་པའི་བརྙན་འཕྲིན་བྱ་གཞག་བཏོད་ནས་ལོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། “བརྡ་ཆ་དྲིལ་བསྒྲགས་ཀྱི་ཕྱོགས་སྟོན་ལ་སྣང་ཆེན་བྱེད་པའི”མཛུབ་སྟོན་གྱི་དགོངས་པ་ཡག་པོ་བསྲུངས་པ་དང་གསར་གཏོད་དང་དོན་འཁྱོལ་བྱས་ཏེ། “བརྡ་ཆའི་གནད་སྨིན་དབུལ་སྐྱོར”གྱི་རྣམ་གྲངས་དང“རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་སྤྱི་ཕན་བརྒྱུད་གཏོང”གི་ལས་གྲྭ་སྔར་ལས་ལྷག་པའི་སྒོ་ནས་ཡག་པོ་སྒྲུབ་དགོས་ཞེས་གསུངས།

ཤེས་རྟོགས་བྱུང་བར་གཞིགས་ན། “CCTVརྒྱལ་ཁབ་སྤུས་རྟགས་འཆར་གཞི་-བརྡ་ཆའི་གནད་སྨིན་དབུལ་སྐྱོར”གྱི་རྣམ་གྲངས་ལག་བསྟར་བྱས་ཚུན། ཞིང་ཆེན(རང་སྐྱོང་ལྗོངས། གྲོང་ཁྱེར)8ཀྱི་ཞིང་དུད་དབུལ་པོ་ཁྲི་45.77དང་མི་ཁྲི་170ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། 2018ལོར་རིན་མེད་འོས་སྦྱོར་བྱས་པའི་ཞིང་ཞོར་ཐོན་རྫས་ཀྱི་རིགས་50ལས་བརྒལ་ཡོད། ད་ཐེངས་གན་རྒྱ་འཇོག་མཁན་ཞིང་ཆེན་5གསར་སྣོན་བྱས་རྗེས་ད་བར་ཁྱོན་མཉམ་ལས་ཞིང་ཆེན་13ཟིན་ཡོད། 2019ལོར་སྔོན་དཔག་བྱས་ན་རིན་མེད་ངང་སྤྱི་ཕན་བརྡ་ཆ་གཏོང་བའི་ཞིང་ཞོར་ཐོན་རྫས་རིགས་70ལྷག་ཙམ་ཟིན་རྒྱུ་རེད། (བསོད་ནམས་དཔའ་མོས་བསྒྱུར། ལྷག་ཚེས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།