རྒྱལ་ཁབ་འཕྲལ་སྡོམ་པུའི་ལས་དོན་ཚོཌ་ཆུང་འཇོ་མདའ་རྫོང་དུ་ཕེབས་ནས“10·11”ས་གཤིས་གནོད་འཚེར་ལྟ་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-16 16:07:23

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་དྲུང་ཆེ་དང་། ཆུ་བེད་པུའི་པུའུ་ཀྲང་གཞོན་པ། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱི་པུའུ་ཀྲང་གཞོན་པ་ཡེ་ཅན་ཁྲུན་དང་བཅས་པ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ལ་ཕེབས་ནས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི“10·11”ས་གཤིས་གནོད་འཚེར་ལྟ་ཞིབ་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ལྷན་དུ་ཕེབས་པ་རེད།

ལས་དོན་ཚོགས་ཆུང་དང་བཅས་པ་འཇོ་མདའ་རྫོང་སྤོ་ལོ་ཤང་སྲིད་གཞུང་དུ་ཕེབས་ནས་ཆུ་བོ་རྒྱུག་ཚུལ་དང་། ངོགས་གཉིས་ཀྱི་ཆུ་ལམ། སྡོད་ཁང་བཀོད་སྒྲིག་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། སྤོ་ལོ་ཤང་དུ་རི་ཉིལ་བའི་རིང་ཉེན་སེལ་གེགས་སེལ་གྱི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་མ་ཟད། ད་དུང་འབྲེལ་ཡོད་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་ཀྱང་གནང་བ་རེད། སྤོ་ལོ་ཤང་ཉེ་འཁོར་གྱི་གཞུང་ལམ་བརྡིབས་པའི་གནས་ཚུལ་ལ་ལྟ་ཞིབ་གནང་རྗེས་ལས་དོན་ཚོགས་ཆུང་དང་བཅས་པས་སྤོ་ལོ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕེབས་ནས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་། རྫོང་ཡོངས་ཀྱི་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་གནང་བ། ནགས་ཚལ་མེ་ཟོན་དཔོན་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག གློག་ཤུགས་འཕྲིན་གཏོང་འགན་ལེན་མི་སྣ་བཅས་ལ་གཟིགས་པ་དང་སྦྲགས། ལས་དོན་ཁག་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲའང་གནང་བ་རེད།

ལས་དོན་ཚོགས་ཆུང་གིས་མིག་སྔར་སྤོ་ལོ་ཤང་གི་ས་གཤིས་གནོད་འཚེའི་ཉེན་ཁ་སྒྲོལ་མེད་པ་དང་། དུས་ཚོད་ཐུང་བ། ལས་འགན་ལྕི་པོ་ཡོད་པས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ཉིད་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གནས་ཚུལ་འོག མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་པ་དང་། ས་གནས་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཉེན་སེལ་གེགས་སེལ་ལས་དོན་ཡག་པོ་སྒྲུབ་དགོས། ངེས་པར་དུ་བཀོད་སྒྲིག་ས་ཚིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་འགན་ལེན་བྱས་ཏེ་བཀོད་སྒྲིག་ས་ཚིགས་ཀྱི་མང་ཚོགས་ལ་སྡོད་ས་དང་ཟས་གོས་ཡོད་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།

ལས་དོན་ཚོགས་ཆུང་གིས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་དམངས་ཀྱི་ཁེ་ཕན་གང་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་སེམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་སྐལ་མཆོག་གིས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།