ཀྲུང་གོའི་འགྲེམས་ཚོགས་སྐབས་བཅོ་ལྔ་པར་བོད་ཀྱི་ཡུལ་ཟོག་བཤམས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:19:20

འདི་ག་ཚགས་པར་ཁང་དུ་ཧང་ཀྲོའུ་ནས་ཟླ་10ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་སྔ་དྲོ། “རིག་ནུས་དང་། བློ་གྲོས། རིག་སྐྲུན། ནུས་རྒྱུ་སྲི་ཚགས”བཅས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་ཁེ་ལས་འབྲིང་ཆུང་གི་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་ཀོང་ཀྲོའུ་རུ་འཚོགས་པ་རེད། བོད་ཀྱི་ཁེ་ལས་འབྲིང་ཆུང་25དང་དེ་བཞིན་བཟོ་རྩལ་མཛེས་རྒྱན་གྱི་དགེ་རྒན་ཆེ་མོ་བས་འགྲེམས་རྫས་འཁྱེར་ནས་བོད་ལྗོངས་འགྲེམས་ཁང་དུ་གཅིག་སྡུད་ཐོག་སྟོན་ཏེ་ས་མཐོའི་ཡུལ་ཟོག་འོས་སྦྱོར་ངོ་སྤྲོད་དང་ཁེ་ལས་ཀྱི་འཕེལ་རྒྱས་གཟུགས་བརྙན་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་ཀྲུང་གོའི་འགྲེམས་ཚོགས་ནང་བོད་ལྗོངས་འགྲེམས་ཁང་གིས་རང་བྱུང་འཐུང་ཆུའི་ཐོན་རྫས་གཙོ་བོར་བྱེད་པ་དང་། ས་མཐོའི་ཀའོ་ཁྲི་ཚོགས་པ་ཀུང་སིའི་ཆ་འཕྲིན་ཅན་གྱི་ཐོན་རྫས་བཀྲག་མདངས་འཚེར་སར་བྱེད་པ། བཟོ་རྩལ་མཛེས་རིག་གི་དགེ་རྒན་ཆེ་མོ་བའི་བརྩམས་ཆོས་དང་བོད་ཀྱི་ཡུལ་ཟོག་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ་བཟོ་རྩལ་མཛེས་རྩལ་གྱི་དགེ་རྒན་ཆེ་མོ་བ་གཅིག་དང་ཁེ་ལས་24ལེགས་འདེམས་བྱས་ཏེ་ཐོན་རྫས་སྣ་ཚོགས་འཁྱེར་ནས་འགྲེམས་སྟོན་ནང་ཞུགས་ཡོད། འགྲེམས་སྟོན་དེ་དངོས་རྫས་དང་། འགྲེམས་པང་། བརྒྱུད་ལམ་སྣེ་མང་། དྲིལ་བསྒྲགས་ལག་དེབ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་རང་ལྗོངས་ཀྱི་ས་གནས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་རང་བྱུང་འཐུང་ཆུ་དང་། ས་མཐོའི་ལྗང་མདོག་གི་བཟའ་བཅའ་དང་འཐུང་ཆ། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་བཤམས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།