བྲག་གཡབ་རྫོང་གི་དཀྱིལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་འཛུཌ་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆཌ་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:13:23

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། 2016ལོ་ཚུན་དུ། བྲག་གཡབ་རྫོང་གིས“གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་སྡོད་མལ་ལ་འཚམ་པའི་གྲོང་རྡལ་ཆུང་ངུ་གཏོད་རྒྱུ”སྤྱི་ཡོངས་ཀྱི་དམིཌ་ཚད་དུ་བྱས་ཏེ་ཁམས་པའི་ཁྱད་ལྡན་རིག་གནས་ཀྱི་གཞི་རྒྱུ་དང་ནང་དོན་སྔོག་འདོན་གང་ལེགས་བྱས་ནས་དཀྱིལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱས་ཤིང་། མིག་སྔའི་བར་གྲོང་རྡལ་ཆུང་ངུའི་འཛུཌ་སྐྲུན་གྱི་གཞི་ཁྱོན་རགས་ཙམ་ཆཌ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཀྱིལ་ཐང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ནི་ཆུ་ཚན་སྤྲོ་གསེང་དང་། སྣོད་བཅུད་ཞིང་ལས་དང་ནཌ་ཚལ་ལ་ལྟ་སྐོར། ཁམས་པའི་རིག་གནས་ས་ཚུགས། མཁའ་འགྲུལ་ཟོག་འགྲེམས་གླིང་བཅས་ཀྱི་འདུ་ཤེས་ཆེན་པོ་བཞི་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཡིན་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར་7.3བཏང་ནས་བོད་ཤར་རྒྱུད་ཀྱི་ཞིང་ལས་དཔེ་སྟོན་གླིང་དང་ཆུ་ཚན་གསོལ་མགྲོན་ཁང་སོགས་ཐོན་ལས་ལེ་ལག་ཚང་བའི་རྣམ་གྲངས་འཛུཌ་སྐྲུན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།