ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་སྒོར་དུང་ཕྱུར་1.6བཏང་བའི་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:13:23

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་སྒོར་དུང་ཕྱུར་1.6གི་མ་རྩ་མཉམ་འཇོག་གི་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱས་ནས་ཁ་རུབ་ཆུས་ཀྱི་འཕེལ་རྒྱས་ལ་ནང་སྐྱེས་སྒུལ་ཤུགས་བསྣན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཁ་རུབ་ཆུས་དང་ཐེན་ཅིན་ཧྲེང་པའོ་ཚོགས་པ་ཚད་ཡོད་ཀུང་སིས་མ་དངུལ་མཉམ་དུ་བཏང་ནས་སྤེལ་བ་ཞིག་ཡིན་པ་དང་། འཆར་གཞི་ལྟར་ན་ཁ་རུབ་གྲོང་རྡལ་རྫོས་པ་གྲོང་ཚོར་ཞིང་ལས་སྣོད་བཅུད་གླིང་གི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པར་མ་དངུལ་བསྡོམས་སྒོར་དུང་ཕྱུར་1.6(དེའི་ནང་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི་4800དང་། སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཁྲི་4800 དངུལ་རྩའི་དངུལ་བུན་སྒོར་ཁྲི་6400)གཏོང་རྩིས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།