སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཟླ་9ཚེས་7ཉིན་འགོ་འཛུགས་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-07-20 12:07:05

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཚེས་18ཉིན་གྱི་སྔ་དྲོ། “སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས(གཤམ་དུ“བོད་ལྗོངས་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཟླ་9ཚེས་7ཉིན་ནས་11ཉིན་བར་རང་ལྗོངས་ཀྱི་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སུ་གཉེར་རྒྱུའི་ཡོངས་བསྒྲགས་བྱས་པ་རེད། དེའི་ནང་ལྷ་ས་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་ཉིང་ཁྲི་གྲོང་ཁྱེར་དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“བོད་གསར་པར་ཅི་དགར་རོལ། སྣེ་གསུམ་པ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་རང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པའི་གྲུབ་འབྲས་ཐོན་པའི་ལག་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་གང་ལེགས་མངོན་པ་དང་། དེང་སྐབས་དུས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་།

ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་གང་ལེགས་མངོན་པ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མངོན་པ། བོད་ཀྱི་གཏིང་ཟབ་ལ་དམིགས་བསལ་གྱི་ལོ་རྒྱུས་རིག་གནས་དང་དམིགས་བསལ་ཡིད་དབང་འཕྲོག་ཤུགས་ལྡན་པའི་རང་བྱུང་མཛེས་ལྗོངས་གང་ལེགས་མངོན་པ་བཅས་བྱ་རྒྱུ་ཡིན་པ་རེད།

སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཐོག་ཡུལ་སྐོར་རིག་གནས་མངོན་གསལ་དོད་པོ་ཡོང་བ་དང་། གནད་སྨིན་དབུལ་སྒྲོལ་ལ་དམིགས་པ། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་རྒྱག་པ་བཅས་ཕྱོགས་གསུམ་གཞི་གཅིག་ཡོང་བ་བྱ་རྒྱུ་རེད། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཐོག་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་བྱེད་ཁུལ་ཆེད་མངགས་མང་དུ་བཏང་ནས“ས་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་དྲིལ་བསྒྲགས་འོས་སྦྱོར་དང་ཡུལ་སྐོར་ཐོན་རྫས་ཡོངས་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་དམ་འཛིན་བྱེད་པ། ཡུལ་སྐོར་རིག་གནས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་བརྗོད་དོན་གཙོ་བོར་དམིགས་པ། ཤམ་བྷ་ལའི་གླེང་སྟེགས་གཞི་རྟེན་དུ་བྱེད་པ་བཅས་བྱས་ནས་ཕྱོགས་ཁག་གི་སྟོབས་ཤུགས་གནད་སྨིན་དབུལ་སྐྱོར་གྱི་འགག་སྒྲོལ་དམག་འཐབ་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་རེད། ད་དུང་བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་སྤུན་ཟླའི་ཞིང་ཆེན་དང་ཁེ་ལས་དབར་མཉམ་ལས་དང་སྤེལ་རེས་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་བཏང་སྟེ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་རེད།

ཐེངས་འདིའི་བོད་ལྗོངས་འགྲེམས་ཚོགས་དེ་གཙོ་བོ་དགའ་བསུའི་སྣེ་ལེན་ཚོགས་འདུ་དང་། འགོ་ཚུགས་མཛད་སྒོ། འགྲེམས་ཁང་ཁག་ཏུ་སྐོར་སྐྱོད་འགྲེམས་སྟོན། ཐོན་རྫས་འགྲེམས་ཚོང་། གླེང་སྟེགས། ཡུལ་སྐོར་འོས་སྦྱོར་ངོ་སྤྲོད། ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་མཇུག་འགྲིལ་མཛད་སྒོ་དང་ཚོང་འགུགས་མ་འདྲེན་ལ་གཅིག་སྡུད་མིང་རྟགས་འགོད་པའི་མཛད་སྒོ་སོཌ་ཁག་མང་པོ་ཞིག་ལས་གྲུབ་ཡོད་པ་རེད། དེའི་རིང་། ད་དུང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་དང་། “མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་བློ་འདྲིའི་ཚོགས་འདུ་འཚོག་རྒྱུ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17 རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་སྤྱི་རྒྱལ་ནང་གི་ཁེ་ལས་ཆེ་གྲས་ཀྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་སོགས་མི་1300ལྷག་ཙམ་བྱེད་སྒོར་གདན་དྲངས་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།