རང་སྐྱོང་ལྗོངས་ཀྱིས་དམག་བསྡུ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-05-08 10:10:15

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་དམག་བསྡུ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་ཏེ། 2017ལོའི་དམག་བསྡུའི་ལས་དོན་ལ་ཕྱོགས་སྡོམ་དང་སྦྲགས་2018ལོའི་དམག་བསྡུའི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་གསུང་བཤད་གནང་བ་དང་། བོད་དམག་ཁུལ་ཁང་གི་འགོ་ཁྲིད་རེན་གོ་ལའེ་དང་། ངག་དབང་རྡོ་རྗེ། ངག་དབང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ནོར་བུ་དོན་གྲུབ་ཀྱིས་དམག་བསྡུའི་ལས་དོན་ནི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་འབྱུང་གནས་འདུ་འགོད་དང་ཕུགས་རེའི་འདུ་འགོད་ཅིག་ཡིན་པ་མ་ཟད། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ཉམས་སད་དང་འཇོན་ཐང་ལ་ཞིབ་བཤེར་བྱེད་པ་ཞིག་ཀྱང་རེད། ན་ནིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་བོད་དམག་ཁུལ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དཀྲིས་པའི་རང་ལྗོངས་ཀྱི་དམག་གསར་བསྡུ་བའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས་དམག་མིའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་ཅེས་གསུངས།

ནོར་བུ་དོན་གྲུབ་ཀྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དམག་ཞབས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དམག་བསྡུའི་ལས་དོན་གྱི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ། མཐའ་སྲུང་བོད་བརྟན་གྱི་ཆབ་སྲིད་ཀྱི་འགན་འཁྲི་བཅས་ཀྱི་ཐད་ནས་དམག་བསྡུའི་ལས་དོན་ལ་འཛིན་པའི་དོན་སྙིང་གལ་ཆེར་ངོས་འཛིན་གང་ལེགས་བྱེད་དགོས། དམག་དཔུང་དང་ས་གནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ“ལས་རིགས་ལ་བརྟེན་ནས་ལེགས་ཆ་འདོན་པའི”ཁྲོད་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། “སྟོབས་བརྟན་ཞན་གསབ་དང་གསར་གཏོད་འཕེལ་རྒྱས”གཏོང་བའི་ཁྲོད་ཕན་པ་ཐོབ་པར་བྱས་ཏེ་2018ལོའི་དམག་བསྡུའི་ལས་དོན་ལེགས་སྒྲུབ་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།