ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་དག་ཐེར་བྱ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-28 10:33:18

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཤར་ཚུན། རང་སྐྱོང་ལྗོངས་དག་ཐེར་གཞུང་ལས་ཁང་གིས《ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གནད་དོན་ལ་དག་ཐེར་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས《ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ཁག་དྲུག་པའི་ཚུར་ལན་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་དག་ཐེར་ཇུས་གཞི》དང་ཟུང་འབྲེལ་བྱས་པའི་ཁར“གྱོད་གཞི་རེར་ཐབས་ཇུས་རེའི”བླང་བྱ་གཞིར་བཟུང་ཆབ་མདོ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་བརྡ་ལན་ཧུར་ཐག་ཞུས་ནས་རང་བཤེར་རང་བཅོས་བྱས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་མ་བཏང་བ་རེད།

ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་སྤེལ་བ་གོ་སྐབས་སུ་བྱས་ནས་གྲོང་ཁྱེར་གྱིས་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་པ། གནོན་ཤུགས་སྤྲོད་པ་བཅས་ཀྱི་སྒོ་ནས་ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་ཁག(རྣམ་གྲངས)དང་དེ་བཞིན་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་འཁུར་རྒྱུ”ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་ཇུས་བསྟར། སྤྱི་འདོམས་ལྟ་རྟོག གཙོ་གནད་མངོན་གསལ། དངོས་ཕན་དོན་གཉེར། ལྟ་སྐུལ་བྱེད་ཞོར་དག་ཐེར་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གནད་དོན་བཙལ་འཚོལ་ཡང་དག་དང་། རྒྱུ་རྐྱེན་དབྱེ་ཞིབ། རྣག་ཐོག་གཙག་འཁེལ་ངང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་སྒྲུབ་སྐུལ་གནས་ཚུལ་དང་ཚུར་ལན་གནད་དོན་དག་ཐེར་ནུས་ལྡན་བྱེད་དགོས་པ། “གནད་དོན་དག་ཐེར་དམིགས་སར་དོན་འཁྱོལ་ཐུབ་པ་དང་། ཕུགས་ཕན་གྱི་ལས་ཀའི་ལམ་སྲོལ་ཆགས་པ། མུ་མཐུད་ཁོར་ཡུག་གི་གནད་དོན་དག་ཐེར་བྱེད་པ”བཅས་ཀྱི་གཞི་རྩའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། གྲོང་ཁྱེར་དག་ཐེར་གཞུང་ལས་ཁང་གིས་མུ་མཐུད་རྗེས་འདེད་གཏོང་དགོས་པའི་གནད་དོན་23ལ་རང་བཤེར་རང་བཅོས་བྱས་པ་དང་འབྲེལ་གནད་དོན་དེ་རིགས་ལ་གཞིགས་ཏེ“གྱོད་གཞི་རེར་དེབ་རེ”བཟོས་པ་མ་ཟད། དག་ཐེར་གྱི་ཇུས་གཞི་དང་། དག་ཐེར་གྱི་དམིགས་ཚད། དག་ཐེར་གྱི་བྱ་ཐབས་སོགས་གསལ་བཟོ་བྱས་ཏེ་གོམ་སྟབས་རྗེས་མའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་མུ་མཐུད་དག་ཐེར་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།