ལྗོངས་ཡོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ་ལྷ་སར་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-28 10:33:18

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཚེས་26ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ་ལྷ་སར་འཚོགས་ནས་རང་ལྗོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ་དང་དེ་བཞིན་ལྷག་པའི་གནད་དོན་གསར་པ་བཅས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་མ་ཟད། ལས་ཀའི་ཉམས་མྱོང་སྤེལ་རེས་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་བྱེད་པའི་གནད་སྨིན་གྲོང་སྡོད་ཀྱི་འབྲེལ་ཡོད་གནད་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་ནན་ལ་ཞིབ་ཅིང་ཕྲ་བའི་སྤྱོད་ཚུལ་གྱི་ཐོག་ནས་དུས་རབས་གསར་པའི་ལས་བྱེད་པའི་གནད་སྨིན་གྲོང་སྡོད་ལས་དོན་གྱི་ལས་འགན་དམིགས་སར་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ལས་བྱེད་པའི་གནད་སྨིན་གྲོང་སྡོད་ལས་དོན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཚད་སླར་ཡང་ཟབ་ཏུ་གཏོང་བ་དང་མཐོ་རུ་གཏོང་དགོས་པ་དང་། དུས་རྟག་ཏུ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྩ་བ་དམ་པོར་འཛིན་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་གཞོགས་འདེགས་བྱས་ཏེ“ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་དབུལ་པོར་རོགས་རམ་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ། གོམས་སྲོལ་ངན་པ་སྒྱུར་རྒྱུར་སྣེ་ཁྲིད། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དུ་འགྱུར་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།