མུ་མཐུད་སྣུར་སྲིང་བྱེད་པའི“བདེ་སྐྱིད་ལམ་བུ”

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 11:05:20

རྒྱལ་ལམ་318ལམ་ཐིག་ཉིང་ལྷ་རིམ་མཐོའི་གཞུང་ལམ་གྱི་ཉིང་ཁྲིའི་ཕྱོགས་སུ་སྐྱོད་སྐབས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་བར་ལར་སླེབས་ཀྱི་ཡོད་པ་དེ་ཉིང་ཁྲི་སྨན་གླིང་དུ་སྡོད་མཁན་ལྷག་པ་སྒྲོལ་མའི་བསམ་བློར་ཡང་འཁོར་མྱོང་མེད་རུང་། དེ་ད་ཆ་དོན་དངོས་སུ་གྱུར་ཡོད།

ལྷག་པ་སྒྲོལ་མས“དེ་སྔ་རླངས་འཁོར་བསྡད་དེ་ལྷ་སར་གཉེན་འཕྲད་དུ་སྐྱོད་སྐབས་ཉིན་གང་འགོར་གྱི་འདུག་པས་དཀའ་ལས་ཧ་ཅང་ཁག་པོ་འདུག ད་ཆ་ལམ་ཆ་ཚང་རིམ་མཐོའི་གཞུང་ལམ་ཡིན་པས་དུས་ཚོད་མང་པོ་མི་འགོར་བ་མ་ཟད་ལམ་ངོས་ཀྱང་ཧ་ཅང་ཡག་པོ་ཡོད་པས་སྔོན་ཆད་ལྟར་འཁྲུག་ཆེན་པོ་མི་འདུག”ཅེས་བཤད།

གསར་འགོད་པར་བར་ལའི་ཕུག་ལམ་གྱི་ཨར་ལས་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར། རྒྱལ་ལམ་318ལམ་ཐིག་ཉིང་ལྷ་རིམ་མཐོའི་གཞུང་ལམ་སྒྱུར་བཀོད་ལས་གྲྭའི་བར་ལའི་ཕུག་ལམ་རྣམ་གྲངས་མཐའ་མའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་རེད། ཁྲེང་ཝུའེ་ཡིས“མིག་སྔའི་བར་བར་ལའི་ཕུག་ལམ་རྣམ་གྲངས་ལ་རིམ་རྩིས་ལྟར་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་21.22བཏང་ཟིན་པ་དང་གཡོན་གྱི་ཕུག་ལམ་རིམ་རྩིས་ལྟར་ན་སྨི་5376.5ལེགས་གྲུབ་ཟིན་པ་དེ་ཕུག་ལམ་གྱི་སྤྱིའི་རིང་ཚད་ཀྱི་93.88%བཟུང་ནས་སྨི་350.5ལས་ལྷག་མེད།

གཡས་ཀྱི་ཕུག་ལམ་རིམ་རྩིས་ལྟར་ན་སྨི་5460ལེགས་གྲུབ་ཟིན་པ་དེས་གཡས་ཀྱི་ཕུག་ལམ་གྱི་སྤྱིའི་རིང་ཚད་ཀྱི་95.45%བཟུང་ནས་སྨི་260ལས་ལྷག་མེད་པ་དང་ཕུག་ལམ་གྱི་ཕྱི་ངོས་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། གཡས་ཀྱི་ཕུག་ལམ་ཟླ་5པའི་ཟླ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་དང་དེའི་ཞོར་གཏོགས་ལས་གྲྭ་ཚང་མ་ཟླ་8པའི་ཟླ་མཇུག་གོང་ལེགས་གྲུབ་ཟིན་རྒྱུ་རེད།

2018ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ་རང་ལྗོངས་ཀྱིས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བཅས་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན་པ་རེད། མིག་སྔར་རང་ལྗོངས་སུ“བཀོད་པ་ལུགས་མཐུན་དང་། ལེགས་ཆ་ཕན་གསབ། སྦྲེལ་མཐུད་ཤར་གཏོང་། ནུས་པ་ཆ་ཚང་བ། བདེ་འཇགས་ལྗང་མདོག”བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་སྤྱིར་ན་ཆགས་ཟིན་ཡོད།

“2018ལོར་རང་ལྗོངས་ཀྱི་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་33ཡོད་པ་དང་མཐུད་སྐྲུན་རྣམ་གྲངས་15ཡོད་པ་ཚང་མ་ལས་འགོ་ཚུགས་ཡོད་པ་རེད། གསར་སྐྲུན་རྣམ་གྲངས་18ཡོད་པའི་ཁྲོད་ནས་རྣམ་གྲངས་5སྐྲུན་འགོ་ཚུགས་པ་དང་འཆར་གཞི་ལྟར་ན་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་386གཏོང་རྒྱུ་ཡིན་པའི་ནང་ནས་སྒོར་དུང་ཕྱུར་26.5བཏང་ཟིན་པ་རེད། དེའི་ནང་རྒྱལ་ལམ་318ལམ་ཐིག་གི་སྒྱུར་བཀོད་ལས་གྲྭ་བར་ལའི་ཕུག་ལམ་འདི་ལོའི་ཟླ་10པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པས་སྐབས་དེ་དུས་ཉིང་ལྷ་རིམ་མཐོའི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ནས་རང་ལྗོངས་ཀྱི་ལྗང་མདོག་གཞུང་ལམ་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་ལས་གྲྭར་འགྱུར་རྒྱུ་རེད། རྒྱལ་ལམ་109ལམ་ཐིག་ནག་ཆུ་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་སུས་འཇོན་དེ་འགུག་གི་ལས་དོན་ལེགས་གྲུབ་ཟིན་པ་དང་ཟླ་4པའི་ཟླ་མཇུག་ཏུ་ཚང་མ་སྐྲུན་འགོ་འཛུགས་རྒྱུ་ཡིན་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་305གཏོང་རྒྱུའི་ཁྲོད་འདི་ལོ་སྒོར་དུང་ཕྱུར་85གཏོང་རྒྱུ་རེད། རྒྱལ་ལམ་214ཆབ་མདོ་ནས་ལྕགས་ཁ་བར་གྱི་ལམ་དུམ་བུའི་རིམ་མཐོའི་གཞུང་ལམ་སྐྲུན་འགོ་ཚུགས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་48གཏོང་རྒྱུའི་ཁྲོད་འདི་ལོ་སྒོར་དུང་ཕྱུར་20གཏོང་རྒྱུ་རེད། ལྕགས་ཁ་ནས་སྤང་མདའ་གནམ་ཐང་བར་གྱི་ལམ་དུམ་བུའི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ་དང་དུས་ཚིགས་གཉིས་པར་སྐྲུན་འགོ་འཛུགས་རྩིས་ཡོད”ཅེས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཡང་སྐྱིད་ཀྱིས་ངོ་སྤྲོད་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་རང་ལྗོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་དང་བསྐྱར་སྐྲུན་རྣམ་གྲངས་2ཡོད་པ་དང་ལོ་འཁོར་དུ་མ་དངུལ་སྒོར་དུང་ཕྱུར་42གཏོང་རྩིས་ཡོད་པའི་ནང་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་བུར་སྒོར་དུང་ཕྱུར་38དང་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུའི་ནུས་པ་རྒྱ་སྐྱེད་དང་སྒྱུར་བཀོད་ལས་གྲྭར་སྒོར་དུང་ཕྱུར་4གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།