“2018ལོའི་དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་བོད་ལྗོངས·དཔེ་ཀློག་བརྡར་པ་ཆུང་ཆུང་གི་སྤྲོ་སྣང་ལྡན་པའི་དཔེ་ཀློག་འདུ་ཚོགས”གཉེར་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 11:05:19

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་23ཉིན་གནས་ཚུལ་འབྱོར་གསལ། འཛམ་གླིང་དཔེ་ཀློག་ཉིན་མོ་ཨང་23པའི་སྐབས་ཟླ་4ཚེས་22ཉིན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི“2018ལོའི་དཔེ་དེབ་ཀྱི་དྲི་བསུང་འཐུལ་བའི་བོད་ལྗོངས·དཔེ་ཀློག་བརྡར་པ་ཆུང་ཆུང་གི་སྤྲོ་སྣང་ལྡན་པའི་དཔེ་ཀློག་འདུ་ཚོགས་དང་2017ལོའི་ལོ་འཁོར་གྱི《གསེར་མདོག་གི་བྱིས་དུས》ཞེས་པའི་ལེ་ཚན་གྱི་དཔེ་ཀློག་བརྡར་པ་ཆུང་ཆུང་ལ་བྱ་དགའ་སྤྲོད་པའི་མཛད་སྒོ”ལྷ་སར་འཚོགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་ལྗོངས་ཡོངས་ཀྱི་ཁྱིམ་ཚང་20ལྷག་ཙམ་ཞུགས་ཤིང་། ཆུ་ཚོད་གཉིས་ཙམ་གྱི“སྤྲོ་སྣང་ལྡན་པའི་དཔེ་ཀློག་འདུ་ཚོགས”རིང་། གྲོགས་པོ་ཆུང་ཆུང་ཚོས་སྐད་ཡིག་གཉིས་ཀྱི་ཐོག་ནས《ས་སྐྱ་ལེགས་བཤད》དང་། 《ངའི་ཕ་ཡུལ་ལྷ་ས》 《གཙང་ཆུར་དཔྱིད་དཔལ་བཞད་པའི་མཚན་མོ》ཞེས་པ་སྐད་གསང་མཐོན་པོས་གྱེར་འདོན་དང་མི་རིགས་ཀྱི་རོལ་ཆ་སྒྲ་སྙན་གཏོང་བ་སོགས་ལེ་ཚན་འཁྲབ་སྟོན་བྱས་ནས་རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསེང་གི་དགའ་ཕྱོགས་དང་ལྟ་ཀློག་གི་གོམས་གཤིས་བཟང་པོ་མངོན་པར་བྱས་པ་རེད། དེ་དང་དུས་མཚུངས། ད་ཐེངས་ཀྱི་བྱེད་སྒོའི་ཐོག་དཔྱད་འདེམས་བྱས་པའི་2017ལོའི་ལོ་འཁོར་གྱི《གསེར་མདོག་གི་བྱིས་དུས》ཞེས་པའི་ལེ་ཚན་གྱི་དཔེ་ཀློག་གི་བརྡར་པ་ཆུང་ཆུང་ལ་གཟེངས་བསྟོད་ལག་ཁྱེར་དང་བྱ་དགའ་ཡང་སྤྲད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི《གསེར་མདོག་གི་བྱིས་དུས》ཞེས་པའི་ལེ་ཚན་ཚོགས་ཆུང་གིས་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ལེ་ཚན་དུས་ཚོད་ནང་ཁྱིམ་ཚང་ཚོགས་ཆུང་རེ་ཐད་གཏོང་ཁང་དུ་གདན་ཞུ་བྱས་ཏེ་ཁྱིམ་ཚང་གི་གཏམ་རྒྱུད་མྱོང་རོལ་དང་དཔེ་དེབ་ཡག་པོ་འོས་སྦྱོར་སོགས་ཀྱི་བྱེད་སྒོ་སྤེལ་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གི་སྤྲོ་སྣང་ཁྲོད་དཔེ་དེབ་ཀྱི་དྲི་བསུང་འཐུལ་བར་བྱས་ཏེ་ཕྲུ་གུ་གཅིག་བརྒྱུད་ཁྱིམ་ཚང་གཅིག་ལ་ཤུགས་རྐྱེན་ཐེབས་པ་དང་དུས་ཐེངས་མང་པོའི་ལེ་ཚན་བརྒྱུད་ཁྱིམ་ཚང་དེ་བས་མང་བས་ཕྲུ་གུ་དང་མཉམ་དུ་དཔེ་དེབ་ལྟ་ཀློག་གི་སྲོལ་བཟང་དར་བ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།