ཏང་གིས་ཞིང་གསུམ་ལས་དོན་ལ་འགོ་ཁྲིད་བྱེད་པ་དང་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-02-07 16:32:49

ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲུང་དབྱང་ནོར་དཔལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧན་ཅུན་གྱིས་བཅར་འདྲི་དང་ལེན་གནང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཕྱོགས་ཡོངས་ནས་གསལ་འགྲེལ་གནང་བ།

ཏང་གིས་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཡིག་ཆའི་ནང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་སྟེ།

★ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁྲི་འཁུར་བ། ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་སྡེ་ཚན་གྱིས་སྤྱི་འདོམས་མཐུན་སྦྱོར་བཅས་ཀྱི་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་།

★གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་ལག་ལེན་བསྟར་ནས་ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན་གྱིས་སྤྱི་ཡོངས་ཀྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་བ། ཏང་སྲིད་ཀྱི་འགོ་ཁྲིད་ཨང་དང་པོ་ནི་འགན་འཁུར་བ་ཨང་དང་པོ་ཡིན་པས་རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་དམ་འཛིན་བྱེད་དགོས་པ།

★ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ལོ་ལྟར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་སེང་ཞུ་དགོས་པ།

★གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ལམ་ལུགས་བཙུགས་ནས་དཔྱད་ཞིབ་འབྲས་བུ་དེ་འགོ་ཁྲིད་ལས་བྱེད་པ་འདེམས་བསྐོའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།