ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་སོགས་ཀྱི་ཚན་ཁག་གསར་རྙིང་གི་ཁོངས་མི་དང་བཞུགས་མོལ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-02-06 10:15:22

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་4ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚན་ཁག་གསར་རྙིང་གི་ཁོངས་མི་དང་། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་བཅས་དང་མཉམ་སྡེབ་བཞུགས་མོལ་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཐོག་མའི་བསམ་འདུན་མ་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ནམ་ཡང་འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་འབད་བརྩོན་ཆེན་པོས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་ཚོགས་འདུར་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས་ཚན་ཁག་གསར་པའི་ནང་བདམས་ཐོན་བྱུང་བའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཚོར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བློ་མཐུན་རྣམ་པས་གཅིག་ནས་ལྷག་བསམ་རྣམ་དག་གི་སེམས་པ་རྟག་ཏུ་བཅངས་ཏེ་དད་སེམས་ཀྱི་ཉམས་སད་ཐེག་ཐུབ་པ་ཞིག་བྱེད་དགོས། སྣེ་ཁྲིད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱ་རྒྱུར་ཤུགས་བརྒྱབ་སྟེ་ལྷག་བསམ་རྣམ་དག་བྱེད་ཤེས་པ་དང་། དད་སེམས་བཅངས་ཤེས་པ། འགན་འཁྲི་ཁུར་ཤེས་པ། འཇོན་ཐང་ཆེ་རུ་གཏོང་ཤེས་པ། ལས་འགན་སྒྲུབ་ཤེས་པ། ཧུར་སེམས་བྱེད་ཤེས་པ། སྤྱོད་གཙང་བྱེད་ཤེས་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མགོ་ནས་མཇུག་བར་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་འདེད་གཏོང་རྒྱུ་མགོ་ནས་མཇུག་བར་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་དང་འགྲན་སློང་བྱེད་སེམས་ཟབ་ཏུ་གཏོང་རྒྱུ་མགོ་ནས་མཇུག་བར་མཐའ་འཁྱོངས་བྱས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་ལག་ལེན་པ་རྣམ་དག་ཅིག་ནམ་ཡང་བྱེད་དགོས་པ་དང་། གཉིས་ནས་དྲིན་ཚོར་གྱི་སེམས་པ་རྟག་ཏུ་བཅངས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་ཞིག་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ། གསུམ་ནས་འགན་འཁྲི་ཁུར་ཕོད་པའི་སེམས་པ་རྟག་ཏུ་བཅངས་ཏེ་འགན་འཁྲིའི་ཐད་ཉམས་སད་ཐེག་ཐུབ་པ་ཞིག་བྱེད་དགོས། འགན་འཁྲིའི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས། དམ་འཛིན་དངོས་བྱེད་པའི་དངོས་ཤུགས་དང་། དམ་འཛིན་བྱེད་ཕོད་པའི་ངར་ཤུགས། དམ་འཛིན་བྱེད་མཁས་པའི་ཐབས་ནུས། རྟག་ཏུ་དམ་འཛིན་བྱེད་པའི་སེམས་ཤུགས་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། “བློ་བརྟན་འགྱུར་མེད་ལྔ”དང“འགན་ལེན་ལྔ”ལ་དམིགས་ནས་འགྱུར་མེད་ཀྱི་དད་པ་དང་། འགྱུར་མེད་ཀྱི་དད་སེམས། འགྱུར་མེད་ཀྱི་སྒྲིག་ཁྲིམས། འགྱུར་མེད་ཀྱི་འགན་སེམས་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་འབད་འབུངས་ཡར་བརྩོན་གྱི་སེམས་པ་རྟག་ཏུ་བཅངས་ཏེ་ནུས་པར་ཉམས་སད་ཐེག་ཐུབ་པ་ཞིག་བྱེད་དགོས། ཤེས་བྱའི་འཇིགས་སྣང་དང་འཇོན་ཐང་གི་འཇིགས་སྣང་ལྡན་པར་བྱས་ཏེ་གང་གི་ཆེད་དུ་གང་སྦྱོང་དགོས་པ་དང་གང་ཞིག་མི་འདང་ཚེ་དེ་གསབ་རྒྱུ་མཐའ་འཁྱོངས་བྱེད་པ་དང“འཇོན་ཐང་ཁག་བརྒྱད”རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རང་ཉིད་རྒྱུས་མངའ་ཡོད་མཁན་དང་འགོ་ཁྲིད་མཁན་ཞིག་ལ་དངོས་འབྲེལ་འགྱུར་བ་བྱེད་དགོས། ལྔ་ནས་སྤྱི་ཞབས་པའི་སེམས་པ་རྟག་ཏུ་བཅངས་ཏེ་སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ་ཞིག་བྱེད་དགོས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་གདམ་ག་ཨང་དང་པོར་བརྩི་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩིས་ནས་ས་བབ་སྨི་4500ཡན་གྱི་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་རྒྱུའི་སྣེ་ཁྲིད་དེ་གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་པ་དང་། ཐབས་ཤེས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱིས་མཐོང་ཐུབ་པའི་ལས་དོན་སྒྲུབ་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་སྒྲུབ་དགོས་པ། རང་རྟོགས་ངང་རྩ་ཁྲིམས་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་བེད་སྤྱོད་བཅས་བྱས་ཏེ་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་ནན་པོ་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། “སྤྱོད་ཚུལ་བཞི”རྒྱུན་ཆད་མེད་པར་དག་ཐེར་བྱེད་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་མི་དྲང་པོ་ཞིག་བྱེད་པ་དང་ལས་ཀ་གཙང་མ་ཞིག་སྒྲུབ་དགོས་པ། གཉེན་ཉེ་དང་། བུ་ཕྲུག ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ངོས་གཙང་མ་དང་། ནང་མི་གཙང་མ། ཉེ་འགྲམ་གཙང་མ་བཅས་ཡོང་བ་བྱས་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚོར་མིག་དཔེ་ཡག་པོ་ཞིག་འདོན་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།