ཆེ་དགྲ་ལྷས་ལྗོངས་སྲིད་གཞུང་གི་ཏང་ཙུའུ་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-02-06 10:15:19

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཚེས་31ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཆེ་དགྲ་ལྷས་ལྗོངས་སྲིད་གཞུང་གི་ཏང་ཙུའུ་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་སྒྲིག་འཛུགས་བཅའ་ཁྲིམས》ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་སྲིད་གཞུང་གི་ཏང་ཙུའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་འབྲེལ་ཡོད་དོན་གནད་ལ་ཞིབ་འཇུག་དང་འབྲེལ་སྲིད་གཞུང་ལས་དོན་གྱི་དོན་གནད་གལ་ཆེར་ཞིབ་འཇུག་བྱས་ནས་བཀོད་སྒྲིག་ཀྱང་གནང་བ་རེད།

ཆེ་དགྲ་ལྷས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ལས་དོན་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེར་བརྩིས་ནས་བསམ་བློ་དང་ངོས་འཛིན་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་རྒྱལ་སྲིད་སྐྱོང་བའི་ནང་རྩ་ཁྲིམས་ཀྱི་གནས་བབ་གལ་ཆེན་དང་ནུས་པར་ངོས་འཛིན་གང་ལེགས་བྱས་ཏེ།

རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན། ཏང་གིས་རྒྱལ་སྲིད་སྐྱོང་བའི་ལག་ལེན་བཅས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་གནས་བབ་གལ་ཆེན་གྱི་ནུས་པར་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པར་རྩ་ཁྲིམས་བཟོ་བཅོས་བརྒྱབ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་སྐྲུན་རིང་རྩ་ཁྲིམས་ཀྱི་ཚད་ལྡན་དང་། ཁྲིད་སྟོན། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་གང་ལེགས་འདོན་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་གོང་མཐོར་གཏོང་བ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”བརྟན་དུ་བཏང་ནས་དད་སེམས་དང་། ཆབ་སྲིད། འགན་འཁྲི། འཇོན་ཐང་། སྤྱོད་ཚུལ་བཅས་ལ་ཉམས་སད་ཐེག་ཐུབ་པ་བྱེད་དགོས། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཤུགས་ཆེན་བཏང་སྟེ་ཕྱོགས་ཡོངས་ནས་སྲིད་གཞུང་གི་འགན་ནུས་ཁྲིམས་བཞིན་གཙང་སྒྲུབ་བྱེད་པ་དང་། སྲིད་གཞུང་གི་ཁྲིམས་བཟོའི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་གྱི་ཐབས་ཇུས་ལམ་སྲོལ་ཆ་ལག་ཚང་པོ་ཡོང་བར་བྱེད་པ། སྲིད་འཛིན་ཁྲིམས་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་སྐྱོང་བྱེད་ཟབ་ཏུ་གཏོང་བ། སྲིད་འཛིན་དབང་ཆར་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་པའི་ཞན་ཆ་གསབ་པའི་ཐོག་ནས་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་དང་། སྤུས་ཚད་མཐོ་རུ། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཅས་ཟམ་མི་ཆད་པར་བཏང་ནས་དེང་རབས་ཅན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་ཅིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཆེ་དགྲ་ལྷས་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་སྒྲིག་འཛུགས་བཅའ་ཁྲིམས་ནི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་འགན་ནུས་ཡང་དག་སྒྲུབ་པའི་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ལ། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་ཚད་ལྡན་ངང་འཁོར་སྐྱོད་ཡོང་བ་བྱེད་པའི་གཞི་རྩའི་བླང་བྱ་ཞིག་ཀྱང་ཡིན་པས་སྐབས་གསར་པའི་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་སྣང་ཆེན། སྒྲིག་ཁྲིམས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་སྒྲིག་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་བཞིན་སྲིད་གཞུང་གི་ཐབས་ཇུས་དེ་ཁྲིམས་སྐྱོང་སྒྲོམ་གཞིའི་འོག་འཇོག་རྒྱུ་མཐའ་འཁྱོངས་དང་ཐབས་ཇུས་ལ་ཁྲིམས་ཀྱི་གཞི་འཛིན་ས་མཐའ་གཅིག་ཏུ་ཡོད་པའི་ཁར་ཁྲིམས་བཞིན་སྲིད་འཛིན་པའི་བླང་བྱ་སྲིད་གཞུང་གི་ལས་དོན་གྱི་ལྷུ་ཚིགས་དང་བང་རིམ་ཁག་ནང་དོན་འཁྱོལ་གྱིས་ཁྲིམས་བཞིན་ཐབས་ཇུས་འདོན་པ་དང་། ཁྲིམས་བཞིན་སྲིད་འཛིན་པ། ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་སྐབས་གསར་པའི་སྲིད་གཞུང་ཉིད་ཕྱི་གསལ་ནང་གསལ་གྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་ཏུ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།