ལྷོ་ཁའི་ཡུལ་སྨད་ལམ་ཐིག་རྒྱལ་ཁབ་ཀྱི་འཁོར་འཁྲིད་ཡུལ་སྐོར་ལམ་ཐིག་གྲས་སུ་བཅུག་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-02-06 10:15:15

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་318ཀྱི་ཁྲོན་བོད་ལམ་ཐིག་དང་། མཚོ་བོད་ལམ་ཐིག ཡུན་བོད་ལམ་ཐིག བོད་ལྗོངས་ལྷོ་ཁའི་ཡུལ་སྨད་ལམ་ཐིག་བཅས་ཚུད་པའི་ཀྲུང་གོའི“ནུབ་རྒྱུད་དུ་སྐྱོད་པའི”འཁོར་འཁྲིད་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཅུ་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་དགོངས་དོན་དུས་ཐོག་ཏུ་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་འབྲེལ་ཡོད་སྲིད་ཇུས་དང་མ་དངུལ་གྱི་གཟིགས་སྐྱོང་གནང་རྒྱུར་མཐུན་སྦྱོར་བྱས་ཏེ་ཡུལ་སྨད་ཤང་ལྷུ་ཚིགས་གཙོ་བོར་བྱེད་པའི“བོད་ལྗོངས་ལྷོ་ཁའི་ཡུལ་སྨད་ལམ་ཐིག”རྒྱལ་ཁབ་ཀྱི་འཁོར་འཁྲིད་ཡུལ་སྐོར་ལམ་ཐིག་ཏུ་བཅུག་པ་རེད། ལམ་ཐིག་ཇུས་འགོད་བྱེད་པའི་ཐད་ཡུལ་སྨད་ཤང་གི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་བེད་གང་ལེགས་སྤྱད་པ་དང་ཡུལ་སྨད་ཤང་གི“མཐའ་སྲུང་རིག་གནས”སྔོག་འདོན་གང་ལེགས་བྱས་ནས་ཡུལ་སྐོར་བ“ཤམ་བྷ་ལར”འཁོར་འཁྲིད་ཡུལ་སྐོར་དུ་སྐྱོད་པའི་ཡིད་དབང་བཀུག་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།