ལྗོངས་ཡོངས་ཀྱི་འབྲུ་རིགས་ལ་སླར་ཡང་ལོ་ལེགས་ཡོང་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-01-12 12:23:04

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱིས་འབྲུ་རིགས་དང་ལྷག་པར་དུ་ནས་ཐོན་སྐྱེད་ཀྱི་བདེ་འཇགས་ལ་དམ་འཛིན་ལྷོད་མེད་བྱས་ཤིང་། གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས)བཅས་ཁག་གི་ཞིང་འབྲོག་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་ཐོན་འབོར་ཚོད་རྩིས་བྱས་པ་དང་ཞིང་དུད་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་དང་དེ་བཞིན་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་སྡེ་ཚན་གྱིས་གཙོ་གནད་གྲོང་ཁྱེར་དང་ས་ཁུལ་དུ་བསྐྱོད་དེ་རིགས་པའི་གཞུང་ལུགས་དང་དོན་དངོས་ལ་བརྟེན་ནས་ཐོན་འབོར་ཚོད་རྩིས་བྱས་པའི་གནས་ཚུལ་ལ་གཞིགས་ན། 2017ལོར་འབྲུ་རིགས་ལོ་ལེགས་ཡོང་རྒྱུ་ནི་གཏན་འཁེལ་བའི་བྱ་བ་ཞིག་ཡིན་ཞིང་། སྔོན་དཔག་བྱས་ན་འབྲུ་རིགས་ཐོན་འབོར་ཏུན་ཁྲི་103.7ཟིན་རྒྱུ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་377.58ཟིན་རྒྱུ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཏུན་ཁྲི་1.3དང་སྤྱི་རྒྱ་4.54སོ་སོར་འཕར་རྒྱུ་ཡིན་པ་རེད། དེའི་ཁྲོད་ནས་ཀྱི་ཐོན་འབོར་སྔོན་དཔག་བྱས་ན་ཏུན་ཁྲི་79.5ཟིན་རྒྱུ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་378.2ཟིན་རྒྱུ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཏུན་ཁྲི་6.7དང་སྤྱི་རྒྱ་11.1སོ་སོར་འཕར་རྒྱུ་དང་། གྲོའི་ཐོན་ཚད་སྔོན་དཔག་བྱས་ན་ཏུན་ཁྲི་19.9ཟིན་རྒྱུ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཏུན་ཁྲི་3.2ཉུང་དུ་འགྲོ་རྒྱུ། འབྲུ་རིགས་སྐྱེ་དངོས་གཞན་དག་གི་ཐོན་ཚད་སྔོན་དཔག་བྱས་ན་ཏུན་ཁྲི་4.3ཟིན་རྒྱུ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཏུན་ཁྲི་2.2ཉུང་དུ་འགྲོ་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།