རང་ལྗོངས་ཀྱིས“བློ་བདེའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”འཛུགས་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-01-12 12:21:39

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱིས“བློ་བདེ་བའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”འཛུགས་པའི་བྱེད་སྒོ་སྤེལ་བཞིན་ཡོད་པས་བཟའ་བཅའི་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་དང་འགན་ལེན་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “བློ་བདེ་བའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”གི་དཔྱད་ཞིབ་བརྒྱུད་རིམ་ཧ་ཅང་དོ་ནན་པོ་ཡོད་པ་དང་། སྔོན་ལ་ཁེ་ལས་ཁག་གིས་རང་ངོས་འོས་སྦྱོར་དང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་འོས་སྦྱོར་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་འདུན་ཞུའི་མིང་ཐོ་ཁག་དང་པོ་གཏན་འཁེལ་བྱ་རྒྱུ་དང་། དེ་རྗེས་སྒོ་རྩིས་ཚོང་ཁང་གི་བཟའ་བྱའི་ཞིང་ཞོར་ཐོན་རྫས་ཀྱི་ཉོ་སྒྲུབ་གཉེར་སྐྱོང་བརྒྱུད་རིམ་ཚོད་འཛིན་དང་། ཡིད་རྟོན་མ་ལག་གཏོད་པ། ལམ་ལུགས་འཛུགས་པ་སོགས་རིམ་བཞིན་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ་རེད། དཔྱད་ཞིབ་བྱས་པ་བརྒྱུད་ཁེ་ལས་5དཔེ་སྟོན་སྒོ་རྩིས་ཚོང་ཁང་འཛུགས་པའི་བྱེད་སྒོའི་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པ་ལས་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་3དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཁེ་ལས་1ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་1བཅས་ཡོད་པ་རེད།

“བློ་བདེ་བའི་ཤ་ཚལ་དཔེ་སྟོན་གྱི་སྒོ་རྩིས་ཚོང་ཁང”ལ་བཟའ་བཅའ་འཐེན་བཤེར་དང་སྤུས་ཚད་འགན་ལེན་གྱི་དུས་ཚོད་ཞིབ་བསྡུར་སོགས་ཞིབ་བཤེར་བྱ་རྒྱུ་དང་། ཉིན་རེའི་ཞིབ་བཤེར་བྱས་འབྲས་ངེས་པར་དུ་སྒོ་རྩིས་ཚོང་ཁང་གི་འཆར་ཤེལ་ཐོག་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།