རང་ལྗོངས་ཀྱི་འཛུགས་སྐྲུན་ལས་རིགས་དང་ས་ཁང་ཐོན་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:01:41

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་དུ་གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཁྲོམ་རའི་རྣམ་པ་བཟང་པོ་གཏོད་པ་དང་འཛུགས་སྐྲུན་ཁེ་ལས་དང་ས་ཁང་ཐོན་ལས་ཁེ་ལས་སོགས་སྐྱོན་བྲལ་ངང་འཕེལ་རྒྱས་མགྱོགས་མྱུར་ཡོང་རྒྱུར་ཁྲིད་སྟོན་བྱས་པ་རེད། མིག་སྔའི་བར། རང་ལྗོངས་སུ་ལྗོངས་ནང་ཁུལ་གྱི་འཛུགས་སྐྲུན་རིགས་ཀྱི་ཁེ་ལས་815དང་། ཐོ་འགོད་སྙན་ཞུ་ཕུལ་བའི་ལྗོངས་ཕྱིའི་ཁེ་ལས་1906ཡོད་པ་དང་། ཀྲུང་དབྱང་ཁེ་ལས་32ཀྱིས་གཏོགས་ཁོངས་ཁུལ་གྱི་ཁྲིམས་མིའི་ཐོ་འགོད་བྱས་ཡོད་པ་རེད།

འཛུགས་སྐྲུན་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཞིང་། འཛུགས་སྐྲུན་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཡིད་རྟོན་ཆ་འཕྲིན་དོ་དམ་དང་གློག་རྡུལ་ཅན་གྱི་འོས་དཔོད་འོས་འགུག་ལས་སྟེགས་བཏོད་ནས། “གྲངས་གཞིའི་མཛོད་གཅིག་དང་། ལྟ་འདོམས་དྲ་བ་གཅིག དོ་དམ་ཡུག་གཅིག”བཅས་ཀྱི་ཆ་འཕྲིན་ཅན་དོ་དམ་གྱི་དམིགས་ཚད་མངོན་འགྱུར་དང་འཛུགས་སྐྲུན་ཁེ་ལས་གྱི་འགུལ་རྣམ་ལྟ་འདོམས་མངོན་འགྱུར་བྱུང་བ་རེད། ཞིང་འབྲོག་པ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་གིས་ཡོང་འབབ་མང་དུ་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད། 2017ལོའི་ཟླ་1ནས་ཟླ་9པའི་བར་འཛུགས་སྐྲུན་ལས་རིགས་ཀྱིས་བསྡོམས་མ་རྩ་སྒོར་དུང་ཕྱུར་370.50བཏང་བ་དང་འཛུགས་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་2016ལོ་དང་བསྡུར་ན་དུས་མཚུངས་ལས་15.8%འཕར་བ་དང་ཆབས་ཅིག “དྲ་རྒྱ+”ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གཅིག་གྱུར་གྱི་ལས་སྟེགས་དང་གཅིག་གྱུར་གྱི་ལྟ་འདོམས་ཐུབ་པའི་ལྗོངས་ཡོངས་ཀྱི“གཞི་གཅིག་ཅན”གྱི་གློག་རྡུལ་འོས་དཔོད་འོས་འགུག་མ་ལག་བཏོད་པ་ལས་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

ས་ཁང་ཐོན་ལས་འཕེལ་རྒྱུས་འགྲོ་མྱུར་ཞིང་། 2013ལོ་ནས་2016བར་ལྗོངས་ཡོངས་ཀྱི་ས་ཁང་ཐོན་ལས་ཀྱི་ཁེ་ལས་ལྡབ་འཕར་བྱུང་ནས་ཁེ་ལས་110ནས་180བར་མང་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་ས་ཁང་ཐོན་ལས་ཀྱིས་མ་རྩ་གཏོང་ཚད་སྒོར་དུང་ཕྱུར་9.68ནས་སྒོར་དུང་ཕྱུར་252.1བར་མང་དུ་བཏང་བ་དང་། ས་ཁང་ཐོན་ལས་ཨར་མཇུག་འགྲིལ་ཚད་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་55.53ནས་སྨི་ངོས་གྲུ་ཁྲི་704.77བར་འཕར་བ། ས་ཁང་ཐོན་ལས་བྲིན་ཚོང་བྱུང་ཚད་སྨི་ངོས་གྲུ་ཁྲི་25.4ནས་སྨི་ངོས་གྲུ་ཁྲི་316.7བར་འཕར་བ་བཅས་རེད།

སྲིད་ཇུས་ལ་བརྟེན་ནས་ཀྲུང་དབྱང་ཁེ་ལས་བོད་དུ་གཞིས་ཆགས་རྒྱུའི་ཡིད་དབང་བཀུག་ཅིང་། འབྲེལ་ཡོད་ཡིག་ཆ་བཏོན་ཏེ་འོས་ཐོབ་ཆོག་འཐུས་དང་། འོས་དཔོད་འོས་འགུག ཁྲོམ་རའི་ལྟ་འདོམས་སོགས་ལ་གཟིགས་སྐྱོང་སྲིད་ཇུས་བཏོན་ནས། འཛུགས་སྐྲུན་ལས་རིགས་ཀྱི་ཀྲུང་དབྱང་ཁེ་ལས་བོད་དུ་གཞིས་ཆགས་རྒྱུར་སྐུལ་འདེད་བཏང་བ་རེད། ད་བར། བོད་དུ་གཏོགས་ཁོངས་ཁྲིམས་མི་ཐོ་འགོད་བྱས་པའི་ཀྲུང་དབྱང་ཁེ་ལས་ཁྱོན་32ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།