ཆབ་མདོའི་ལོ་སྟོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོར་གཏོང་གི་ཕན་འབྲས་མངོན་གསལ་དོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:01:41

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་། ཞིབ་རྩིས་བརྒྱབ་པ་བརྒྱུད་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་66.63ཟིན་པ་དེ་དུས་མཚུངས་ལས་10.7%འཕར་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང་། སྤྱི་ཡོངས་ཀྱི་འཁོར་རྒྱུག་ཐད་མ་འཇོག་གིས་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཁྲལ་འབབ་འཕར་ཚད་མྱུར་བ། དམངས་འཚོ་འགན་ལེན་ནུས་ལྡན་ཐུབ་པ་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད།

གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ། ཆབ་མདོ་གྲོང་ཁྱེར་གྱིས་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་བ་རེད། སྤང་མདའ་གནམ་ཐང་གི་འཕུར་སྐྱོད་ཁུལ་སྒྱུར་བཀོད་བྱ་རྒྱུ་དེ་སྔོན་དཔག་བྱས་ན་ཟླ་10པའི་ཟླ་མཇུག་ཏུ་ལས་གྲྭ་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཞིང་ཆེན་ལམ་203གྱི་ཀརྨ་ནས་ཚེར་དབད་བར་གྱི་གཞུང་ལམ་བདེ་བླག་ངང་ལས་འགོ་ཚུགས་པ། ཆབ་མདོའི་གློག་དྲ་དང་བོད་དབུས་ཀྱི་གློག་དྲའི་དྲ་སྦྲེལ་ལས་གྲྭ་དང་གྲུ་གུ་ལ་ཕུག་ལམ་སོགས་རྣམ་གྲངས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཡེ་པ་ཐང་གློག་ཁང་སོགས་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ། ཆུ་ཚན་ཁ་དང་། ར་འོག སྐམ་ཐོག དཀྱིལ་ཐང་བཅས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡོད་པ་བཅས་རེད།

བཟོ་ལས་དཔལ་འབྱོར་འཕེལ་རྒྱས་མྱུར་བ། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཤང་དང་དེ་བཞིན་ཤང་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་དུས་མཚུངས་ལས་77.1%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་དུས་མཚུངས་ལས་107.6%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་དུས་མཚུངས་ལས་48.7%འཕར་བ། གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་4.7ཟིན་པ་དེ་དུས་མཚུངས་ལས་19.1% འཕར་བ། བཟོ་ལས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གིས་GDPབསྡུར་ཚད་ཀྱི་14.5%བཟུང་ནས་2016ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་4.3མཐོ་རུ་སོང་བ་དང་། བཟོ་ལས་དཔལ་འབྱོར་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

ཁྲོམ་ར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། ས་བབ་ཀྱི་ལེགས་ཆ་བཅས་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བ་དང་། ཆབ་མདོར་མ་འཇོག་བྱས་ཏེ་བྱ་གཞག་འཕེལ་རྒྱས་དང་གཞིས་ཆགས་པའི་ཁེ་ལས་རྒྱུན་མཐུད་དང་མགྱོགས་མྱུར་འཕར་ནས་ཟླ་6པའི་ཟླ་མཇུག་བར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་150སྦྲེལ་མཐུད་ཐུབ་སྟེ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་14.7ཟིན་ཡོད།

ཁྲལ་འབབ་ཁག་འཕར་ཚད་མྱུར་བ། ཆབ་མདོ་གྲོང་ཁྱེར་གྱིས་ཁྲལ་ཁུངས་སྐྱེད་སྲིང་བྱ་རྒྱུར་སྣང་ཆེན་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲལ་བསྡུ་རྒྱུ་མཐའ་འཁྱོངས་བྱས་པས་ཁྲལ་བསྡུའི་ཡོང་འབབ་འཕར་ཚད་མྱུར་པོ་བྱུང་བ་རེད། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་12.3བྱུང་བ་དེ་དུས་མཚུངས་ལས་ལྡབ་1ཙམ་འཕར་ནས་ལོ་འཁོར་གྱི་འཆར་འགོད་ཀྱི་71.7%ལེགས་གྲུབ་ཟིན་ཡོད།

དམངས་འཚོ་འགན་ལེན་ནུས་ལྡན་ཐུབ་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་སྒོ་རྒྱུན་མཐུད་ངང་འཕར་བ་དང་། ནོར་སྲིད་ཀྱི་གཏོང་སྒོ་ཁག་བརྒྱད་ལ་མ་དངུལ་སྒོར་དུང་ཕྱུར་59.55བཏང་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་74.8%བཟུང་བ་དེ་དུས་མཚུངས་ལས་43.4%འཕར་བ་རེད། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཟླ་6པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་ཡོངས་སུ་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་365ལས་འགོ་ཚུགས་པར་ཁྱོན་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་21.67བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།