ནག་ཆུས་བདེ་ཐང་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གི་དཀའ་གནད་བསལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:01:41

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ནག་ཆུ་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ནག་ཆུ་ས་ཁུལ་གྱིས་བདེ་ཐང་དབུལ་སྐྱོར་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ལ་བརྩིས་པའི་ཁར“ཆག་ཡང་གཉིས་དང་། མཐོར་གཏོང་གཅིག མི་ཐོན་པ་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་གནད་སྨིན་རོགས་སྐྱོབ་ཀྱི་ཞབས་ཞུའི་ལས་དོན་སྤེལ་བ་དང་། བདེ་ཐང་སློབ་གསོར་ཤུགས་སྣོན་བརྒྱབ་པ། སྔོན་འགོག་ཚོད་འཛིན་མངོན་གསལ་དོད་པོ་ཡོང་བ་བྱས་པ། སྨན་བཅོས་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་པ། དུས་ཐོག་ཏུ་མཇུག་རྩིས་རྒྱག་པ་བཅས་བྱས་ཡོད། སྔོན་དཔག་ལྟར་ན་2020ལོར་སླེབས་སྐབས་གཞི་རིམ་གྱི་འཕྲོད་བསྟེན་དང་འཆར་བཙའི་ཞབས་ཞུའི་མ་ལག་གཞི་རྩའི་ཆར་འཐུས་སྒོ་ཚང་དུ་སོང་བ་དང་། མི་འབོར་དབུལ་པོའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ནད་གཞི་གཙོ་བོ་སྔོན་འགོག་དང་སྨན་བཅོས་ནུས་ལྡན་ཐུབ་པ། མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་བ་བཅས་བྱུང་ནས་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ནག་ཆུ་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྔོན་འགོག་གཙོ་བཟུང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཤང་གྲོང་འཕྲོད་བསྟེན་ཁང་གི་རིམས་འགོག་སྨན་ཁབ་རྒྱག་པའི་བྱང་བུ་འགེལ་བའི་ཞབས་ཞུའི་ལམ་ལུགས་ལག་བསྟར་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་འགོ་ནད་དང་ཡུལ་ནད་ཚབས་ཆེན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད། དེའི་ནང་འཆར་གཞི་ལྟར་རིམས་འགོག་སྨན་ཁབ་རྒྱག་ཚད་95%ཡན་རྒྱུན་འཁྱོངས་བྱས་པ་དང་། འབྲོག་ཁུལ་དུ་ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་ལག་བསྟར་གྱིས་ནད་པ་འདེམས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་ཕོག་པའི་ནད་པར་སྨན་བཅོས་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ། དམངས་ཡོངས་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་འཕྲོད་བསྟེན་ལག་རྩལ་མི་སྣ་སྒྲིག་འཛུགས་དང་ནང་སའི་སྨན་བཅོས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཚོགས་ཆུང་དང་ཁུལ་དབྱེ་ནས་གྲོང་ཚོ་དང་དུད་ཚང་དུ་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་ལས་དོན་སྤེལ་བར་བསྐྱོད་པ། གཟུགས་པོ་བརྟག་དཔྱད་བྱས་འབྲས་ལ་གཞིགས་ཏེ་མི་འབོར་དབུལ་པོའི་མི་སྒེར་གྱི་བདེ་ཐང་ཡིག་ཚགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་ནད་གཞི་སྔ་ཙམ་བརྟག་དཔྱད་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་སྨན་བཅོས། སྔ་ཙམ་དྲག་སྐྱེད་བཅས་ཡོང་བའི་འགན་ལེན་བྱས་པ་རེད།

འདི་ལོ་ཤར་ཚུན། ནག་ཆུ་ས་ཁུལ་གྱིས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་སྨན་རིན་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་ཆེད། སྨན་བཅོས་འགན་བཅོལ་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། མི་འབོར་དབུལ་པོར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་ཞུགས་པར་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་གྱི་ཆ་ཤས་དམངས་སྲིད་དང་ནོར་སྲིད་ཀྱིས་ཚབ་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་འགན་བཅོལ་ནང་ཞུགས་ཚད་99%ཡན་ཟིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།