ཞིང་འབྲོག་ཚན་རྩལ་ས་མཐོའི“རླབས་གཤག་ཕོ་རྒོད”ལ་གྱུར་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-12 16:27:01

ངའི་མིང་ལ་སུང་ཐེན་ཙེང་ཟེར་གྱི་ཡོད། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ལས་ཕྱུགས་རིགས་སྨན་པའི་ཞིབ་འཇུག་ཁང་གི་ཚན་རྩལ་ལས་དོན་པ་ཞིག་ཡིན། ལོ་5ཡི་དཔང་པོ་ཞིག་ཡིན་པའི་ང་ལ་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཚན་རྩལ་ལ་འདེགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་མྱོང་ཚོར་བྱུང་། ལོ་5ཡི་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རིགས་ཁག་གི་ཚན་རྩལ་འཆར་འགོད་རྣམ་གྲངས་ཆིག་སྟོང་ཙམ་སྔ་རྗེས་སུ་ལག་བསྟར་བྱས་པའི་ནང་ཞིང་འབྲོག་ལས་ཀྱི་ཚན་ཞིབ་རྣམ་གྲངས་388ལ་རོགས་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.7བཏང་བ་དང་། ཞིང་འབྲོག་ལས་ཀྱི་ནོར་སྲིད་ཚན་རྩལ་གཏོང་ཆས་ནོར་སྲིད་ཚན་རྩལ་གཏོང་ཆ་ཡོངས་ཀྱི་60%ཡན་བཟུང་པ་དང་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད་45%ཟིན་ཡོད་པ་རེད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཏང་དང་སྲིད་གཞུང་གིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་ལས་བྱུང་བ་ཞིག་རེད།

 ལོ་5ཡི་རིང་། རང་རེའི་ཁང་གིས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་དང་། འབྲུ་རིགས་ཐོན་འཕར། སོན་བཟང་འདེམས་གསོ། གཟན་རྩྭ་འདེབས་གསོ་སོགས་གཙོ་གནད་རྣམ་གྲངས་མང་པོ་ཞིག་ལ་ཚན་ཞིབ་ཀྱི་གྲུབ་འབྲས་མང་པོ་ཞིག་ཐོབ་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུར་རོགས་རམ་ཐུབ་ཡོད་པ་རེད། དེ་དང་ཆབས་ཅིག་རང་རེའི་ཁང་ལ་ཞིང་ཆེན་དང་པུའུ་མཉམ་བསྐྲུན་གྱི་ནས་སོན་དང་འབྲི་གཡག་གི་རྒྱུད་པའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་དང་རྒྱུད་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་དེས་རང་ལྗོངས་ལ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད། ལོ་5ཡི་རིང་། རང་རེའི་ཁང་གིས་སྒྲིག་གཞི་གསར་འཛུགས་ཐད་ལ་རྩྭའི་ལས་རིགས་སུའོ་དང་། ཐོན་ཁུངས་ཁོར་ཡུག་སུའོ། ཆུ་ཐོན་ཞིབ་འཇུག་སུའོ་བཅས་གསར་སྐྲུན་བྱས་པས་ཞིང་འབྲོག་ལས་ཀྱི་ཚན་ཞིབ་དཔུང་ཁག་ཉིན་རེ་ལས་ཉིན་རེ་མ་འདས་པར་སྟོབས་ཆེར་ཕྱིན་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་ཉེར་ཡོད་པས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་འོག་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པའི་རང་ལྗོངས་ཀྱི་ཞིང་འབྲོག་བྱ་གཞག་དེ་གང་མགྱོགས་མདུན་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་ཚན་རྩལ་གྲུབ་འབྲས་དེ་བས་མང་བ་ཞིག་མྱུ་གུ་འབུད་རྒྱུ་དང་ཚན་རྩལ་གྱི“རླབས་གཤག་ཕོ་རྒོད”སྔར་བས་མང་བ་ཞིག་ཐོན་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།