རྒྱལ་ཁབ་གློག་དྲ་ཆབ་མདོའི་གློག་གཏོང་ཀུང་སིའི་བཟོ་པ་དོན་གྲུབ། མང་ཚོགས་གློག་སྤྱོད་རྒྱུར་སེམས་ཁྲལ་མེད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-11 11:29:42

ངའི་མིང་ལ་དོན་གྲུབ་ཟེར་གྱི་ཡོད། རྒྱལ་ཁབ་གློག་དྲའི་ཆབ་མདོ་གློག་གཏོང་ཀུང་སིའི་འཁོར་སྐྱོད་ཞིབ་བཤེར་པུའི་ཀྲུའུ་རེན་གཞོན་པ་ཡིན། 1985ལོར་ལས་ཀར་ཞུགས་ནས་མི་ལོ་30ཙམ་གློག་ཤུགས་ཀྱི་ལས་ཀ་བྱས། དུས་ཐུང་བགྲང་བྱ་ལྔ་ཙམ་རིང་ཆབ་མདོའི་གློག་ཤུགས་ལས་རིགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ལས་ཐད་ཀར་མཐོང་ཐུབ་པ་ནི་མང་ཚོགས་གློག་སྤྱོད་རྒྱུར་སེམས་ཁྲལ་དགོས་ཀྱི་མེད།

ལོ་ལྔའི་གོང་། ཁྲོམ་གཞུང་དུ་སྐྱོད་སྐབས་བར་སྣང་དུ་གློག་སྐུད་སྡོམ་དྲ་བཞིན་སྦྲེལ་བ་མཐོང་རྒྱུ་ཡོད། དེས་ན་གཅིག་ནས་གྲོང་ཁྱེར་གྱི་རྣམ་པར་སྐྱོན་བྱེད་པ་མ་ཟད། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་མང་པོ་ཡོད་པས་སྤྱི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་བཟོ་ཡི་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་གློག་སྐུད་ས་འོག་ཏུ་སྦ་བའི་ལས་གྲྭ་གཅིག་གྱུར་བཀོད་སྒྲིག་དང་འཆར་འགོད་བྱས་ཏེ། 2015ལོར་གྲོང་ཁྱེར་དེ་ཡོངས་ཀྱི་གློག་སྐུད་ས་འོག་ཏུ་བཅུག་ཅིང་། ད་ཆ་ལམ་ངོས་ཁམས་གཙང་བ་དང་གྲལ་འགྲིག་པ་མ་ཟད། གློག་སྐུད་དག་ཀྱང་ཕྱིར་མི་མངོན་པར་སྲུང་སྐྱོང་ཡག་པོ་ཐུབ་ཡོད།

ཁྲོན་བོད་གློག་དྲ་སྦྲེལ་བའི་ལས་གྲྭ་འཁོར་སྐྱོད་བྱས་པ་དང་བསྟུན་ནས་ཆབ་མདོའི་གློག་དྲ་སི་ཁྲོན་གློག་དྲ་དང་སྦྲེལ་ནས་འཁོར་སྐྱོད་ཐུབ་པ་དེས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་སྦྱིན་ཞིང་། ཇོ་པ་དང་མགོན་མདོ་གློག་ཁང་ནས་གློག་གཏོང་འགོ་ཚུགས་རྗེས་ཆབ་མདོར་གློག་འདང་ངེས་ཡོད་ལ། ལོ་ཤས་རིང་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་བ་དང་། གློག་བརྟན་པོ་ཡོད་པ། ཡང་ཡང་བཟོ་རྒྱུ་ཇེ་ཉུང་དུ་ཕྱིན་པ། མང་ཚོགས་ཀྱིས་གློག་སྤྱོད་རྒྱུ་བརྟན་དུ་སོང་བ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།