གཞིས་རྩེ་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-18 12:44:14

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ལམ་318བརྒྱུད་ཀྱི་གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་གཞུང་ལམ་གྱི་ལས་གྲྭ་ཁག་ལེགས་གྲུབ་བྱུང་ནས་ཚེས་15ཉིན་གཞུང་ལམ་ཐོག་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་ལེགས་སྐྱེས་ཕུལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་ཆེད་སྤྱོད་གཞུང་ལམ་གྱི་བསྐྱར་སྐྲུན་ལས་གྲྭ་གསར་པ་ནི་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གཞུང་ལམ་འགྲིམ་འགྲུལ་འཆར་འགོད་ཀྱི་དུས་འབྲིང་གི་ལེགས་སྒྲིག་རྣམ་གྲངས་གྲས་ཤིག་ཡིན་ལ། རང་སྐྱོང་ལྗོངས་ཀྱི་2013ལོ་ནས་2020ལོ་བར་གྱི་རྒྱུན་སྲོལ་ལས་བརྒལ་བའི་འཕེལ་རྒྱས་འཆར་འགོད་བཞིན་བསྐྲུན་པའི་རྣམ་གྲངས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། མྱུར་བགྲོད་གཞུང་ལམ་དེའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་40.404ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100ཡིན་པ་རེད། མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྐམ་ལམ་བགྲོད་ལམ་འཛུགས་སྐྲུན་དང་རང་སྐྱོང་ལྗོངས་ཀྱི་མ་ལམ་གྱི་རིམ་པ་མཐོ་རུ་གཏོང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ། ལམ་དྲའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། འགྲིམ་འགྲུལ་ཁོར་ཡུག་ལེགས་སུ་གཏོང་བ། མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།