མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་བྱས་པ་བསྒྲུབ་རྒྱུར་སྤྲད་པ་དང་ལྟ་བཤེར་བྱེད་ཞོར་དུ་དག་ཐེར་ཡོངས་བསྒྲགས་ཀྱི་གནས་ཚུལ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-09-18 12:44:14

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་15ཉིན་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པས་རང་ལྗོངས་ལ་ཁག་སོ་གཅིག་གི་གྱོད་གཞི་45རྩིས་སྤྲོད་བྱས་པ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་གྱོད་གཞི་998བསྒྲུབ་རྒྱུར་སྤྲད་པ་དང་གྱོད་གཞི་849གྱོད་ཐག་བཅད་པའི་ནང་གསར་དུ་འཕར་བའི་གྱོད་ཐག་གཅོད་རྒྱུའི་གྱོད་གཞི་66ཡོད་པ་རེད།

ཁྱོན་མི་212ལ་སྐོང་འདྲི་བྱས་པ་དང་མི་138ཡི་འགན་འཁྲི་བདའ་འདེད་བཏང་བ་དང་། ཁེ་ལས་742ལ་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་བ་དང་ཁེ་ལས་656ལ་གྱོད་ཐོ་བཀོད་ནས་དངུལ་ཆད་སྒོར་ཁྲི་1857.32བཏང་བ་དང་མི་1སྲིད་འཛིན་བཀག་ཉར་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།