གཉའ་ནང་རྫོང་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས“བྱེད་ཐབས་བཞི”ཡག་པོ་སྤྱད་དེ་གྲོང་ཚོ(གྲོང་ལྷན)ཡི་སྐབས་བརྗེར་སྐུལ་འདེད་བཏང་བ།

| 2017-09-14 10:53:26

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉེ་ཆར་གཉའ་ནང་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཉའ་ནང་རྫོང་གི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ“བྱེད་ཐབས་བཞི”ཡག་པོ་སྤྱད་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད།

“དག་ཐེར”གྱི་བྱེད་ཐབས་ཡག་པོ་སྤྱད་པ། གྲོང་སྡོད་ལས་དོན་རུ་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་བྱས་ནས་ངོས་འཛིན་མཐོ་རུ་གཏོང་བ་དང་། “སྔོན་ལ་དག་ཐེར་བྱེད་པ་དང་རྗེས་སུ་སྐབས་བརྗེ་བའི”རྩ་དོན་གཞིར་བཟུང་། སྤྱི་འདོམས་མཐུན་སྦྱོར་གྱིས་སྔོན་ཚུད་ནས་འཆར་འགོད་དང་བཀོད་སྒྲིག་བྱས་པ་རེད། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྐབས་བརྗེའི་དུས་འགོར་མཐིལ་རྟོགས་བྱས་ནས་ཤེས་པའི་གནད་དོན་ལ་དག་ཐེར་ནན་པོ་བྱས་ཏེ་གནད་དོན་བསྐྱར་དུ་མ་ཐོན་སྔོན་འགོག་བྱས་ནས་གནད་དོན་དང་འགལ་ཟླ་ཐོན་མ་ཐག་བསལ་བ་རེད། ཕྱིར་མིག་བལྟས་ནས་དག་ཐེར་ཡག་པོ་ཐུབ་པའི་འགན་ལེན་བྱས་ཏེ་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་པ་རེད།

“དྲིལ་བསྒྲགས”ཀྱི་བྱེད་ཐབས་ཡག་པོ་སྤྱད་པ། གྲོང་སྡོད་ལས་དོན་རུ་ཁག་གིས་རླུང་འཕྲིན་བརྙན་འཕྲིན་དང་། སྐད་འཕྲིན་ལས་སྟེགས། ཡིག་ཆ་པར་འགྲེམས། སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་དོན་སྙིང་གལ་ཆེན་དང་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་དགོངས་དོན་གལ་ཆེན་དང་སྲིད་ཇུས་དང་ཁྲིམས་སྲོལ་སོགས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གྲོང་ཚོ་རིམ་པའི་ལས་དོན་དོ་དམ་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྤེལ་ཆེད་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།

“ཁྲིད་སྟོན”གྱི་བྱེད་ཐབས་ཡག་པོ་སྤྱད་པ། གྲོང་སྡོད་ལས་དོན་རུ་ཁག་གིས་ཤང(གྲོང་རྡལ)དང་མཐུན་སྦྱོར་གཞོགས་འདེགས་ལ་སྣང་ཆེན་བྱས་ཏེ་མང་ཚོགས་ལ་ཡོངས་ཁྱབ་ངང་འཚམས་འདྲི་བྱེད་པ་དང་། ཞིང་འབྲོག་ཏང་ཡོན་དང་མང་ཚོགས་ཀྱིས་དམངས་གཙོའི་ཁེ་དབང་སྤྱད་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཧུར་ཐག་དང་། ཁྲིམས་ལྟར། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཞུགས་པའི་ཁྲིད་སྟོན་བྱས་པ་རེད། ཞིང་འབྲོག་ཏང་ཡོན་དང་མང་ཚོགས་ཁྲོད་ཀྱི་ཐོན་བཟོ་ཡོད་པའི་གནད་དོན་ལ་དམིགས་ནས་སྔ་སྣུར་དུ་འགལ་ཟླ་གྲལ་བཤེར་དང་ཐག་གཅོད་ཡག་པོ་བྱས་ཏེ་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོ་སྤེལ་ཆེད་གཡས་གཞོགས་གཡོན་འདེགས་བྱས་ཡོད།

“ཟུང་འབྲེལ”གྱི་བྱེད་ཐབས་ཡག་པོ་སྤྱད་པ། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གྲོང་ཚོའི་ལས་བྱེད་པའི“རིག་གནས་བྱང་ཚད”མཐོར་གཏོང་གི་འདུ་འགོད་དང་བོད་རྒྱ་སྐད་ཡིག་གཉིས་སློབ་སྦྱོང་བྱེད་པ་བཅས་ཀྱི་ལས་དོན་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ཁྲོད་འགྱུར་ལྡོག་གཏོང་བ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཕུལ་བྱུང་ལས་བྱེད་པ་གྲ་སྒྲིག་ཐུབ་པ་དང་། ལས་བྱེད་པ་ཡག་པོ་བརྗེ་ཐུབ་པ། རྣམ་པ་གསར་པ་གཏོད་ཐུབ་པ་བཅས་བྱ་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།