ཆུ་གསུམ་རྫོང་གིས་གྲོང་ཚོ་རིམ་པའི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

| 2017-09-14 10:53:26

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། དུས་ཡུན་རིང་པོའི་ནང་ཆུ་གསུམ་རྫོང་གིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དཔལ་འབྱོར་ཁྱབ་ཁོངས་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་ལས་གྲྭར་བརྩིས་ཏེ་དམ་འཛིན་བྱས་ནས་འཆར་གཞི་སྔོན་འགོད་དང་སྐུལ་མ་བརྟན་པོ་བཏང་བ་བརྒྱུད་གྲོང་གསེབ་ཀྱི་ལམ་དྲ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བདེ་འཇགས་ངང་ཕྱིར་སྐྱོད་པར་སྟབས་བདེའི་ཆ་རྐྱེན་མཁོ་འདོན་དང་གྲོང་གསེབ་ཀྱི་དཔལ་འབྱོར་གང་མགྱོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ཆུ་གསུམ་རྫོང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་7(དེའི་ནང་མཐུད་སྐྲུན་རྣམ་གྲངས་2དང་གསར་སྐྲུན་རྣམ་གྲངས་5ཚུད་ཡོད)ལག་ལེན་བསྟར་བར་མ་དངུལ་སྒོར་ཁྲི་3183.2བཏང་བས་ལེགས་གྲུབ་ཐུབ་ཚད་68%ཡན་ཟིན་པ་དང་གསར་སྐྲུན་གཞུང་ལམ་གྱི་ལམ་ཐག་ལ་སྤྱི་ལེ་44.138ཟིན་ཡོད། ཟམ་པ་4བསྐྲུན་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི་1752གཏོང་རྒྱུ་ཡིན་པ་ལས་མ་དངུལ་སྒོར་ཁྲི་175.2བཏང་ཟིན། མིག་སྔར་ཆུ་གསུམ་རྫོང་གི་ཤང(གྲོང་རྡལ)གི་གཞུང་ལམ་ཤར་གཏོང་ཐུབ་ཚད་100%དང་། སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་78%དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཤར་གཏོང་ཐུབ་ཚད་25%བཅས་ཟིན་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཀྱི་རྣམ་པ་ཐག་གཅོད་ནུས་ལྡན་བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།