གཞི་རིམ་ཏང་རྩ་འཛུགས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས།

| 2017-09-14 10:53:26

མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་དམིགས་ཡུལ་རེད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ནི་ཏང་གི་འཐབ་ནུས་ཀྱི་རྨང་གཞི་ཡིན་པས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་ངེས་པར་དུ“མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོཌ་ཀྱི་ལས་དོན་བསྒྲུབ་རྒྱུ”ལས་འགན་གཙོ་བོར་བརྩི་བ་དང“འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཏང་ཡོན་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ཁ་ཕྱོགས་གཙོ་བོ་བཞིར་དམ་པོར་དམིགས་ཏེ་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།

གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་གཅིག་ལ་གཅིག་རྟེན་རེད། ཕྱོགས་གཉིས་ཀྱི་འགག་རྩའི་འབྲེལ་བ་ཐག་གཅོད་ཇི་ལྟར་བྱེད་པ་དང་ཏང་འཛུགས་སྐྱོང་གིས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇི་ལྟར་ཆེ་རུ་གཏོང་བའི་ཐད་གཤམ་གྱི་གནད་དོན་འགའ་ཁ་གསལ་བཟོ་དགོས་སྟེ།

གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ནི་དམངས་ལ་ཞབས་འདེགས་ཞུ་བའི་རྨང་རྡོ་ལྟ་བུ་རེད། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་ནི་དམངས་འཚོར་དམ་འཛིན་བྱེད་པ་ཡིན་པས། གཞི་རིམ་ཏང་འཛུགས་སྐྱོང་དང་འབྲེལ་བ་ཡོད་པའི་ལས་དོན་ཚང་མ་རང་འགུལ་དང་། ཞིབ་ཕྲ། གཏིང་ཟབ་བཅས་ཀྱི་སྒོ་ནས་དམ་འཛིན་བྱས་ཏེ་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་ཀའི་བསམ་ཕྱོགས་རྒྱ་ཆེར་བཏང་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཏན་ཏན་ཏིག་ཏིག་བསྒྲུབས་ཏེ་ཏང་ཏང་འཛུགས་སྐྱོང་གི་ལས་དོན་དང་དམངས་ལ་ཞབས་འདེགས་ཞུ་བ་གཉིས་ཕན་ཚུན་མཉམ་འགུལ་དང་གཉེས་ཕན་ཡོང་བ་བྱེད་དགོས།

“དམངས་ལ་ཞབས་འདེགས་ཞུ་རྒྱུ”ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་སྟོན་ཕྱོགས་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཏང་འཛུགས་སྐྱོང་གི་འགུལ་ཤུགས་སུ་བྱས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་བྱ་བཟང་སྒྲུབ་རོགས་བྱེད་དགོས། གཞི་རིམ་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ཏེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དོན་རང་ཉིད་ཀྱི་དོན་ལ་བརྩི་བ་དང་ཞིབ་ཕྲ་དང་ཏན་ཏིག་གི་ལས་ཀའི་ཐོག་ནས་དམངས་ཀྱི་འདོད་བློ་ཤེས་པ་དང་། དམངས་འཚོ་ཐག་གཅོད་བྱེད་པ། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། དམངས་ཀྱི་དབང་ཆ་དོན་འཁྱོལ་བཅས་བྱས་ནས་མང་ཚོགས་ལ་བདེ་སྡོད་ལས་བརྩོན་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།

ཏང་ཡོན་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གིས་དམངས་ལ་ཞབས་འདེགས་ཞུ་བའི“གཙོ་ཁྲིད”ལྟ་བུ་རེད། ཏང་ཡོན་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི“འགག་སྒོ”ནན་པོ་སྲུང་བ་དང་ཤེས་བྱ་ཡོད་པ་དང་། ལག་རྩལ་ཤེས་པ། འཇོན་ཐང་ཆེ་བ་བཅས་ཀྱི་ཤེས་ལྡན་མི་སྣ་ཏང་ཡོན་དཔུང་ཁག་ནང་བཅུག་ནས་ཏང་ཡོན་གྱི་རིག་གནས་ཆུ་ཚད་དང་ཕྱུག་འགྱུར་ནུས་པ་ཆེ་རུ་གཏོང་བ་དང་ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་ཀྱིས་ཏང་རྩ་འཛུགས་ལ་དམ་པོར་དམིགས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།