ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་ཚོགས་ཆེན་གྱི་ཆེད་དོན་མཚན་ཚོགས་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-04 10:55:31

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཟླ་6ཚེས་30ཉིན་གྱི་དགོང་མོ། “ལྷག་བསམ་·འགན་འཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་ཚོགས་ཆེན་གྱི་ཆེད་དོན་མཚན་ཚོགས་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་མཚན་ཚོགས་ལ་ཞུགས་པ་རེད།

ཆེད་དོན་མཚན་ཚོགས་དེས་ཆབ་སྲིད་ཀྱི་ཚད་གཞི་མཐོ་པོ་དང་སྒྱུ་རྩལ་གྱི་སྤུས་ཚད་མཐོ་པོ་མཐའ་འཁྱོངས་བྱེད་པ་དང་གླུ་གཞས་ལ་བརྟེན་ནས་བརྩེ་སེམས་མཚོན་པ་དང་། འཁྲབ་ཚན་ཆུང་ངུར་བརྟེན་ནས་གནས་ཚུལ་དངོས་བརྗོད་པ། སྐད་ཆའི་ཐོག་ནས་ལྷག་བསམ་མཚོན་པ་བཅས་བྱས་ཏེ་ཟུར་མི་འདྲ་བའི་ཐོག་ནས་རང་ལྗོངས་ཀྱི་སྤྱི་བདེའི་འཐབ་ཕྱོགས་ཀྱི་མི་དམངས་ཉེན་རྟོག་པ་ལས་གནས་ཐོག་བརྟན་པོར་གནས་པ་དང་། སེམས་པ་མང་ཚོགས་དང་འབྲེལ་བ།

མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྔོན་ཐོན་བྱས་རྗེས་གླེང་ཡོད། བབ་ཆགས་པའི་སྐད་ཆ་དང་མི་སེམས་འགུལ་བའི་གནས་ཚུལ་ལས་གསོན་ཉམས་དོད་ལ་རང་སྲོག་བློས་གཏོང་ཕོད་པའི་ཉེན་རྟོག་པའི་གནས་ཚུལ་རེ་རེ་མིག་ལམ་དུ་སླར་ཡང་མངོན་པ་དང་དཔའ་བོར་གུས་བཀུར་དང་། དཔའ་བོར་རྗེས་དྲན། དཔའ་བོར་འཚམས་འདྲི་ཞུ་བ་བཅས་གང་ལེགས་མངོན་པ་བྱས་པས་ས་གནས་ས་ཐོག་གི་ལྟད་མོ་བ་ཚང་མར་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར་བ་དང་ཚོགས་རའི་ནང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།

ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ“ཏང་ལ་ལྷག་བསམ་ཟོལ་མེད་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་གཞུང་དྲང་། སྒྲིག་ལམ་ནན་པོ”བཅས་ཀྱི་སྤྱིའི་བླང་བྱ་སྤྱི་བདེའི་ལས་དོན་ནང་ལག་བསྟར་ནན་ཏན་བྱས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་པ་བྱ་རྒྱུ་ཡིན་ལ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།