རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཧུའུ་ཝེ་མིན་ལ་བཅར་འདྲི་ཞུས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-02-14 11:33:47

ཉེ་ཆར་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་གཞོན་པ་ཧུའུ་ཝེ་མིན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་བོད་ཀྱི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡག་པོ་སྐྲུན་རྒྱུའི་ཐད་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

ཧུའུ་ཝེ་མིན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་གསལ་བཏོན་བྱས་པ་དང“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང”དངོས་སུ་བཏོན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་གནས་ས་ཞིག་ཡིན་པ་དེས་ཏང་ཡོངས་ཀྱི་ཐུན་མོང་འདོད་འདུན་དང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་བསམ་འདུན་མཚོན་ཡོད། ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི་འགན་ཁུར་བ་གཙོ་བོ་ཞིག་ཡིན་པའི་ངོས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་བྱེད་ལས་བཟོ་ཡོངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“འདུ་ཤེས་བཞི”བརྟན་པོར་འཛུགས་དགོས་པ་སྟེ། བསམ་བློའི་ཐད་སྲོག་ཤིང་ལ་གོང་བཀུར་དང་། ཆབ་སྲིད་ཐད་སྲོག་ཤིང་ལ་ཡིད་ཆེས། རྩ་འཛུགས་ཐད་སྲོག་ཤིང་ལ་ལྷག་བསམ་ཟོལ་མེད། བྱ་སྤྱོད་ཐད་སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱེད་པ་དང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།