ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་གཙོ་བཅོས་སྨན་པ་གཡུ་སྒྲོན་གྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-12-12 16:53:57

གཡུ་སྒྲོན་ལས་ཀར་ཞུགས་ནས་ལོ་22སོང་ཡོད།

ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྱིས་པའི་ཚན་ཁག་ནང་ལས་ཀ་བྱས་ནས་ད་བར་ནད་ཐོག་སྨན་བཅོས་གྲངས་ལས་འདས་པ་ལས་ཁོང་གིས་མཆོག་གྱུར་ལས་རིགས་བརྟན་པོ་སྲུང་བ་མཚོན་གྱི་ཡོད།

འདས་ཟིན་པའི་ལོ་ཟླར་རྗེས་དྲན་བྱེད་སྐབས་ཁོང་ལ་མྱོང་ཚོར་ཟབ་མོ་ཡོད།

“རང་ཉིད་ཧྲའན་ཤིས་ཞན་དབྱང་གྲོང་ཁྱེར་བོད་ལྗོངས་མི་རིགས་སློབ་གླིང(ད་ལྟ་བོད་ལྗོངས་མི་རིགས་སློབ་ཆེན་དུ་ཡོད་པ)གི་གསོ་རིག་ཚན་ཁག་ནས་ཐོན་པ་དང་ཕ་ཡུལ་དུ་ལས་ཀ་བྱེད་ཐུབ་པ་བྱུང་བར་སྤོབས་སེམས་ཆེན་པོ་སྐྱེ་བྱུང་ལ། བདེ་སྐྱིད་ཀྱི་ཚོར་སྣང་ཡང་ཆེན་པོ་འདུག ད་ཆ་ཏང་དང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྤྱི་ཚོགས་རིང་ལུགས་བོད་གསར་གྱི་སྨན་བཅོས་ལག་རྩལ་ཇེ་མཐོར་སོང་བཞིན་ཡོད”ཅེས་གཡུ་སྒྲོན་གྱིས་བཤད།

2003ལོར་གཡུ་སྒྲོན་གཙོ་བཅོས་སྨན་པར་གྱུར་ནའང་རང་ཉིད་ཀྱི་ལས་ཀར་ལྷོད་གཡེང་གཏན་ནས་མི་བྱེད་པར་སྨན་བཅོས་སྤུས་ཚད་ལ་ལྟ་ཞིབ་ནན་པོ་བྱས་པ་དང་རང་ཉིད་ལས་གཞོན་པའི་སྨན་པར་རང་འགུལ་ངང་རོགས་རམ་དང་ལྕག་སྐུལ་བྱས་ཏེ་ནད་གཞི་ཚབས་ཆེ་བ་དང་སྨན་བཅོས་བྱེད་དཀའ་བའི་གནས་ཚུལ་འཕྲད་སྐབས་ཐབས་ཤེས་ཡོད་རྒུས་གནད་འཁེལ་སྨན་བཅོས་བྱེད་ཀྱི་ཡོད།

ངལ་གསོའི་སྐབས་སུའང་ཁ་པར་ཁ་ཕྱེ་ནས་བཞག་སྟེ་འཁང་ར་སྤུ་ཙམ་མེད་པར་ལས་ཀ་བྱེད་པར་ཡོང་བའི་ཁར་ནུས་ཤུགས་ཡོད་རྒུས་ནད་པར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་ཡི་ཡོད།

སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་རྩལ་ནུས་ཆེ་རུ་གཏོང་ཆེད་སྨན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱི་རོགས་སྐྱོར་འོག ཁོང་གིས་དཀའ་ངལ་ཁྱད་བསད་བྱས་ནས་ནན་ཅིང་སྨན་བཅོས་གསོ་རིག་སློབ་ཆེན་བྱིས་པའི་ཞོར་གཏོགས་སྨན་ཁང་དང་། པེ་ཅིང་མོ་ནད་བུ་བཙའི་སྨན་ཁང་གི་ཕྲུ་གུ་དམར་འབྱར་གྱི་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་། ཧྲན་ཧའེ་ཧྥུའུ་ཏན་སློབ་ཆེན་ཞོར་གཏོགས་བྱིས་པའི་སྨན་ཁང་གི་ཕྲུ་གུ་དམར་འབྱར་གྱི་ནད་གཞི་ལྕི་བའི་ལྟ་སྐྱོང་ཁང་བཅས་ལ་སྔ་རྗེས་སུ་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། ཁོང་གིས་སྔོན་ཐོན་གྱི་ལག་རྩལ་ཁྱེར་ཡོང་བ་དང་འབྲེལ་རྩལ་ནུས་དག་ཆད་ལུས་མེད་པར་ལས་རོགས་ལ་བརྒྱུད་སྤྲོད་བྱས་ཏེ་སྨན་ཁང་ཡོངས་ཀྱི་ཕྲུ་གུ་དམར་འབྱར་གྱི་ཆེད་ལས་ཚོགས་པ་སྐྱེད་སྲིང་དང་འཛུགས་སྐྱོང་བྱ་རྒྱུ་དང་ཕྲུ་གུ་དམར་འབྱར་གྱི་ནད་བཅོས་ཆུ་ཚད་མཐོ་རུ་གཏོང་ཆེད། རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།